ཨ་རིས་རྒྱའི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་སྣང་གནང་དགོས།

རྒྱ་གཞུང་དང་ལྟ་སྤྱོད་མི་མཚུངས་པ་ཚོས་ཨ་རིའི་གཞུང་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་སྣང་དགོས་པའི་འབོད་སྐུལ།

2009.02.22

༄༅༎རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཚུངས་པ་ཚོས་ཨ་རིའི་གཞུང་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དམིགས་བསལ་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དང་སྲུང་སྐྱོབ་ཀྱི་དཀའ་རྙོག་དང་གནམ་གཤིས་འགྱུར་ལྡོག་སོགས་གལ་ཆེ་དོན་ཆེན་རྩིས་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་ཐད་ཀར་རྒྱ་ནག་གི་དབུ་ཁྲིད་རྣམས་དང་གླེང་སློང་ནན་པོ་གནང་མེད་པ་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ལྟ་བུ་ཙམ་མ་ཡིན་པར་རྒྱ་ནག་ནང་གི་ཐོབ་ཐང་དོན་གཉེར་ཚོས་ཀྱང་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་དང་བསྟུན་མཁས་གཙོ་བཟུང་གནང་ནས་འགྲོ་བ་མིའི་ཐོབ་ཐང་གལ་ཆེར་ངོས་འཛིན་གནང་གི་མེད་པ་དེར་སྐྱོན་བརྗོད་བྱས་ཡོད་འདུག འོན་ཀྱང་རྒྱ་ནག་གཞུང་གི་ཐོབ་ཐང་དོན་གཉེར་བ་ཚོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཟིགས་སྐོར་དུ་བསྐྱོད་སྐབས་དམ་བསྒྲགས་ཆེན་པོ་བྱས་ཡོད་ཀྱང་གནས་ཚུལ་དེ་དག་སུབ་བཏང་ཐུབ་མེད་པ་རེད། གཞུང་དང་ལྟ་སྤྱོད་མི་མཚུངས་པ་ཡོངས་གྲགས་ཅན་ཙེང་ཅིན་ཡན་གྱིས་གལ་སྲིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་མ་སྤྲད་པ་ཡིན་ན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་གི་རེད་ཅེས་འགྲེལ་བརྗོད་བྱས་འདུག ཙེང་ནི་ད་ལྟ་བཙོན་ཁང་ནང་ཡོད་པའི་དོན་གཉེར་བ་ཧུའུ་ཅ་ཡི་བཟའ་ཟླ་ཡིན་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨེ་ཤེ་ཡའི་ནང་འཚམས་འདྲིའི་གཟིགས་སྐོར་དུ་མ་ཕེབས་གོང་འགྲོ་བ་མིའི་ཐོབ་ཐང་གལ་ཆེར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་ཡོད་ཀྱང་ད་ཆ་དངོས་སུ་ཕེབས་སྐབས་གནད་དོན་དེ་རིགས་སྐོར་བཀའ་མོལ་གནང་མི་དགོས་པ་གཙོ་འདོན་གནང་ཡོད་པ་དེར་ཕྱོགས་གང་ས་ནས་སྐྱོན་བརྗོད་བྱེད་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎