བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་སྐོར།

རྒྱ་ནག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་རྒྱུ་མཚན་ལུང་འདྲེན་དེས་བོད་ལ་བདག་དབང་ཡོད་པའི་ཁུངས་སྐྱེལ་ཐུབ་ཀྱི་མེད་པའི་སྐོར་གསུངས་འདུག

2008.05.27

 

༄༅༎རྒྱ་ནག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་རྒྱུ་མཚན་ལུང་འདྲེན་བྱེད་བཞིན་པ་དེ་དག་གིས་བོད་ལ་རྒྱ་ནག་གི་བདག་དབང་ཡོད་པའི་ཁུངས་སྐྱེལ་ཐུབ་ཀྱི་མེད་པའི་སྐོར་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊ་ནས་དྷ་ས྄ཊེཊ་མེན་ཞེས་པའི་གསར་ཤོག་དེ་ཡི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་ཁང་གི་སློབ་དཔོན་རྩོམ་བྲིས་པ་སུབ་རཱཏཱ་མུ་ཁར་ཇི་ཞུ་བས་གླེང་བརྗོད་ཅིག་སྤེལ་ཡོད་པ་དང་་གླེང་བརྗོད་དེའི་ནང་རྒྱ་ནག་གིས་བོད་ལ་བདག་དབང་རྩོད་ལེན་བྱེད་པའི་ནང་དེ་སྔ་སོག་པོ་དང་མ་ཇུ་གོང་མ་རྣམས་ཀྱིས་རྒྱ་ནག་ལ་དབང་བསྒྱུར་སྐབས་བོད་ལའང་དབང་བསྒྱུར་བྱས་པར་བརྟེན་བོད་དེ་རྒྱ་ནག་གི་ས་ཁུལ་ཡིན་ཚུལ་བཤད་ཀྱི་ཡོད་པ་རེད།

རྒྱ་མཚན་དེ་ལྟ་བུར་གཞི་བཞག་ན་དེ་སྔ་དབུས་ཨེ་ཤེ་ཡའི་མོ་གྷུལ་དང་པ་ཐན་ས྄་ཡི་རྒྱལ་པོ་ཚོས་རྒྱ་གར་ལ་དབང་བསྒྱུར་བྱས་ཡོད་པར་བརྟེན་རྒྱ་གར་དེ་དབུས་ཨེ་ཤེ་ཡའི་མངའ་ཁུངས་ཤིག་ཡིན་དགོས་པ་དང་ཕྱོགས་མཚུངས་དབྱིན་ཇིས་རྒྱ་གར་ལ་ལོ་ངོ་༢༠༠ཙམ་དབང་འཛིན་བྱས་ཡོད་པར་ད་ཆ་རྒྱ་གར་དེ་བཞིན་དབྱིན་ཇིའི་མངའ་ཁུངས་རྒྱལ་ཁབ་ཅིག་ཡིན་པ་ཁྱབ་དགོས་པའི་འདོད་ཚུལ་དང་མཚུངས་པ་མ་འོས་པ་ཞིག་རེད་ཅེས་གསུངས་ཡོད་པ་དང་ཡང་ཁོང་གིས་དངོས་ཡོད་ཀྱི་གནས་ཚུལ་དེ་རྒྱ་ནག་གིས་བོད་དེ་དྲག་པའི་བཙན་བཟུང་བྱས་པ་ཞིག་ཡིན་པ་དང་དྲག་པོའི་བཙན་གནོན་འོག་བཞག་པའི་ཕྱི་ལོ་༡༩༥༡ལོའི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་ལས་དོན་གང་ལའང་ཐེག་ཐོགས་བྱ་རྒྱ་མིན་པར་གསལ་པོ་ཁས་ལེན་བྱས་ཡོད་ཀྱང་དོན་དུ་ཆིངས་ཡིག་གི་གྲུ་དོན་གང་ལའང་བརྩི་བཀུར་མེད་པར་བོད་ནང་རྒྱ་རིགས་ཕོན་ཆེ་གཞིས་སྤོས་རྒྱུད་བོད་མིར་དྲག་གནོན་དང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་གནོད་འཚེ་གང་ཆེ་བཏང་དང་གཏོང་བཞིན་པར་བརྟེན་ད་ལྟ་བོད་དེ་རྒྱལ་སྤྱིའི་གནད་དོན་ཆེན་པོ་ཞིག་གྱུར་བཞིན་པ་དེ་ལྟར་རེད་ཅེས་བཀོད་ཡོད་པ་རེད༎

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎