འབར་མའི་དྲག་པོའི་གཞུང་གིས་མི་དམངས་ཉེན་བརྡ་བཏང༌བ།

འབར་མའི་རྒྱལ་ཡོངས་འོས་བསྡུའི་ནང་མི་མང་མཉམ་ཞུགས་མ་གནང་ན་དྲག་པོའི་གཞུང་གིས་གཞུང་འཛིན་མུ་མཐུད་བྱེད་རྒྱུའི་ཉེན་བརྡ།

2010.11.01

༄༅༎འབར་མའི་དྲག་པོའི་གཞུང་གིས་བདུན་འདིའི་རེས་གཟའ་ཉི་མ་ཉིན་གནང་རྒྱུའི་རྒྱལ་ཡོངས་འོས་བསྡུའི་ནང་མི་མང་རྣམས་མཉམ་ཞུགས་མ་གནང་ན་དྲག་པོའི་གཞུང་གིས་གཞུང་འཛིན་མུ་མཐུད་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད

འབར་མའི་དྲག་པོའི་གཞུང་གིས་འབར་མའི་ཕྱོགས་འགལ་ལས་འགུལ་སྤེལ་མཁན་ཁག་དང་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་༡༣ལག་འབྲེལ་གྱིས་མི་མང་རྣམས་འོས་བསྡུའི་ནང་མི་ཞུགས་རྒྱུ་དང་ཡུལ་ནང་དཀའ་རྙོགས་བཟོ་རྒྱུའི་ངན་བྱུས་སྤེལ་གྱི་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད              

འབར་མའི་གཞུང་འབྲེལ་གསར་ཤོག་ཁག་ནང་གལ་སྲིད་འོས་བསྡུའི་ལས་དོན་དེ་མ་བྱུང་བ་ཡིན་ན་མི་མང་གིས་འོས་བསྡུ་བྱས་པའི་གཞུང་ཞིག་མེད་པ་ཆགས་རྒྱུ་ཡིན་སྐོར་གནས་ཚུལ་བཏོན་ཡོད་པ་རེདཡང་གསར་ཤོག་དེའི་ནང་གལ་སྲིད་གོང་ཞུས་ཀྱི་གནས་ཚུལ་ལྟར་བྱུང་ཚེ་གཞུང་ཕྱོགས་ནས་ཡུལ་གྱི་སྲུང་སྐྱོབ་ཀྱི་འགན་ལེན་བྱེད་རྒྱུ་དང་འོས་བསྡུ་གཞན་ཞིག་མ་བྱས་པར་ངང་འགུག་བྱེད་དགོས་པ་ལས་མ་འདས་སྟབས་དེའི་ཐད་དུས་ཡུན་རིང་པོ་འགོར་རྒྱུ་ཡིན་སྐོར་གནས་ཚུལ་བཀོད་ཡོད་པ་རེདད་ཐེངས་འབར་མའི་དྲག་པོའི་གཞུང་གིས་ཡུལ་གྱི་འོས་བསྡུའི་གནས་དོན་ཐད་རྡིག་བསྐུལ་གྱི་གནས་ཚུལ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་ཡུལ་གྱི་འོས་བསྡུ་དེར་མི་མང་གིས་ངོ་རྒོལ་གྱི་རྣམ་པའི་ཐོག་ཞུགས་མ་གནང་བའི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོག་མ་དེ་གླེང་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎