བྲེཌ་པིཊ་རྒྱ་ནག་ཏུ་ཕེབས་རྒྱུ།

བོད་ནང་ལོ་བདུན་ཞེས་པའི་གློག་བརྙན་འཁྲབ་མཁན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་བྲེཌ་པིཊ་ཡིས་རྒྱ་ནག་ནང་གི་སྐད་གྲགས་ཆེ་བའི་དྲ་རྒྱའི་ཐོག་རྒྱ་ཡིག་ཐོག་ཁོང་རྒྱ་ནག་ལ་ཕེབས་རྒྱུ་ཡིན་སྐོར་བྲིས་འདུག

2013.01.11

༄༅།    །ཁོང་གིས་རྒྱ་ནག་ཏུ་ཡོང་རྒྱུའི་གནས་ཚུལ་དེ་བྲིས་པའི་རྗེས། ཁོང་གི་བྲིས་པའི་ཡི་གེའི་འོག་ཏུ་མི་དམངས་སྟོང་ཕྲག་མང་པོས་བསམ་ཚུལ་བྲིས་མཁན་བྱུང་སྟེ་དོ་སྣང་ཆེན་པོ་བྱས་ཡོད་ཀྱང་གློ་བུར་དུ་ཁོང་གི་གནས་ཚུལ་དེ་དྲ་རྒྱའི་ཐོག་ནས་བལྟ་ཀློག་བྱེད་རྒྱུ་མེད་པ་གྱུར་ཡོད་པ་རེད། དེ་ཡང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་Brad Pitt ཡིས་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དྲ་རྒྱ་Sino Weibo ཐོག་ལ་ལན་ཞིག་བཞག་ཡོད་པ་ནི། གནས་ཚུལ་དེ་བདེན་པ་རེད། ང་ཡོང་གི་ཡོད་ཅེས་བྲིས་པ་དེ། མི་གཅིག་གིས་གཅིག་ལ་དྲ་རྒྱའི་ཐོག་ནས་ཕན་ཚུན་མཁོ་སྤྲོད་བྱེད་རེས་བྱེད་མཁན་མི་དམངས་སུམ་ཁྲི་ཆིག་སྟོང་བྱུང་བས་མ་ཟད། ཁོང་གི་ལན་དེར་དྲ་རྒྱའི་ཐོག་བསམ་ཚུལ་བྲིས་མཁན་མི་དམངས་ཆིག་ཁྲི་བཞི་སྟོང་དང༌། ཁོང་ལ་དགའ་མོས་བྱེད་མཁན་མི་དམངས་འབུམ་གཅིག་ལྷག་གི་དོ་སྣང་བྱེད་མཁན་བྱུང་ཡོད་པ་རེད། འོན་ཀྱང་རེས་གཟའ་མིག་དམར་སྔ་དྲོ་དྲ་རྒྱ་དེའི་ཐོག་ཁོང་གིས་བཞག་པའི་ལན་མཐོང་རྒྱུ་མེད་པར་གྱུར་ཡོད་པ་རེད་འདུག    འོན་ཀྱང་ཁོང་ལ་དགའ་མོས་བྱེད་མཁན་མི་དམངས་མང་པོས་མུ་མཐུད་ནས་བསམ་ཚུལ་བྲིས་བཞིན་ཡོད་པ་རེད། ད་ལྟའི་འཆར་ Brad Pitt ཡིས་རྒྱ་ནག་མི་དམངས་ལ་བཞག་པའི་ལན་དེ། རྗེས་སུ་ཁོང་རང་ཉིད་དང་།    ཁོང་གི་ལས་རོགས་སམ་ཡང་ན་རྒྱ་ནག་གཞུང་སུས་མེད་པ་བཟོས་ཡོད་མེད་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་ཅིང༌། འོན་ཀྱང་ཨ་རིའི་གློག་བརྙན་གྱི་དྲ་རྒྱ་IMDb.com ཞེས་པའི་ཐོག་ལ། Brad Pitt ཡིས། དེ་སྔ་དམག་ཆེན་གཉིས་པའི་སྐབས་Australiaའི་རི་འཛེགས་པ་Heinrich Harrer བོད་དུ་ཡོང་སྟེ་༡༩༤༤ ནས་༥༡ བར་དུ་བོད་ནང་སྐྱབས་བཅོལ་དུ་ལོ་༧་བསྡད་པའི་ལོ་རྒྱུས་དེབ། བོད་ནང་ལོ་བདུན་ཞེས་པ་ཞིག་བྲིས་པ་དེ། ༡༩༩༧ ལོར་ཨ་རིའི་གློག་བརྙན་ཚོང་ལས་ཁང་གིས་གློག་བརྙན་བཟོས་པ་དེའི་ནང་དུ་ Brad Pitt ཡིས་Heinrich Harrer འཁྲབ་པ་མ་ཟད། གློག་བརྙན་དེའི་ནང་དོན་ནི་བོད་ནང་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་ལོ་རྒྱུས་ལྡན་པ་ཞིག་ཡིན་པར་དེར་རྒྱ་ནག་གཞུང་ཁོང་ཁྲོས་ Brad Pitt ག་དུས་ཡིན་ཡང་རྒྱ་ནག་ཏུ་འགྲོ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་ལུགས་དང། ཡང་རྗེས་སུ་་ཁོང་གིས་འཁྲབ་པའི་གློག་བརྙན་Mr.& Mrs. Smith ཞེས་པ་དེ་ཡང་རྒྱ་ནག་ནང་ཧ་ཅང་གི་སྐད་གྲགས་ཆེན་པོ་བྱུང་ཡོད་པའི་སྐོར་བཀོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎