རྒྱ་གར་ལ་དྭགས་ས་མཚམས་ཀྱི་དོན་རྐྱེན་ཐད་ཨ་རིས་རྒྱ་གར་ལ་ཐུགས་གསོ་གནང་འདུག


2020.06.19
རྒྱ་གར་ལ་དྭགས་ས་མཚམས་ཀྱི་མཐའ་མཚམས་དམག་མི། ༢༠༢༠།༦།༡༧ རྒྱ་གར་ལ་དྭགས་ས་མཚམས་ཀྱི་མཐའ་མཚམས་དམག་མི། ༢༠༢༠།༦།༡༧
AFP

ཉེ་ཆར་རྒྱ་གར་དང་རྒྱ་ནག་གི་དམག་མིའི་བར་ས་མཚམས་སུ་འཁྲུག་འཛིང་ཤོར་སྐབས། རྒྱ་གར་གྱི་དམག་མི་ཉི་ཤུ་ལྷག་གི་ཚེ་སྲོག་ཤོར་བར། འདི་ཚེས་༡༩་ཉིན་ཨ་མི་རི་ཀས་རྒྱ་གར་ལ་ཐུགས་གསོ་ཞུས་འདུག
ཡང་གནས་ཚུལ་གཞན་ཞིག་གི་ནང་རྒྱ་གར་དང་རྒྱ་ནག་གི་ས་མཚམས་དམག་དཔོན་དབར་གྲོས་མོལ་བྱས་རྗེས་འཁོན་འཁྲུག་སྐབས་འཛིན་བཟུང་བྱས་པའི་རྒྱ་གར་གྱི་དམག་དཔོན་གཉིས་ཐེ་བའི་དམག་མི་བཅུ་འདི་ཚེས་༡༨་ཉིན་རྒྱ་ནག་གིས་གློད་བཀྲོལ་བཏང་འདུག
རོའུ་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མི་ལོ་བཅུ་ཕྲག་ལྔ་ལྷག་གི་རྗེས་རྡུལ་ཕྲན་མཚོན་ཆ་ལྡན་པའི་ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་། རྒྱ་ནག་བར་ཧི་མ་ལ་ཡའི་ནུབ་ཕྱོགས་ཁུལ་གྱི་ས་མཚམས་སུ་འཁོན་འཁྲུག་ཤོར་བའི་གནས་ཚུལ་ཚབས་ཆེ་དེ་བྱུང་བའི་རྗེས་སུ། ཕྱོགས་གཉིས་ཀྱིས་དགྲ་ཁ་གཏད་བྱ་རྒྱུའི་གནས་ཚུལ་དེ་ཞི་འཇམ་དུ་གཏོང་རྒྱུར་མོས་མཐུན་བྱུང་བ་ཙམ་ལས་གྲོས་མོལ་གྱི་་མཇུག་འབྲས་གང་ཡང་ཐོན་མེད་པ་དང་། ད་ལྟའི་ཆར་རྒྱ་དཀར་ནག་གི་ས་མཚམས་སུ་ཕྱོགས་གཉིས་ཀྱི་དམག་མིའི་བར་བྱེད་སྒོ་དེ་ཚོ་མཚམས་འཇོགས་བྱས་མེད་པ་དང་ཆབས་གཅིག་ཕྱོགས་གཉིས་ཀྱིས་ས་མཚམས་སུ་དམག་ཤུགས་ཆེ་རུ་ཡང་བཏང་མེད་པ་རེད་ཞེས་ས་མཚམས་ཀྱི་གནས་ཚུལ་ཤེས་རྟོགས་ཡོད་པའི་རྒྱ་གར་གཞུང་གི་གནས་ཚུལ་འབྱུང་ཁུངས་ཞིག་ལུང་འདྲེན་བྱས་འདུག
རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་དམག་ཁུལ་ཁང་གིས་བོད་ནང་ཡུལ་དམག་མི་འདྲ་བ་རིགས་ལྔ་གསར་བསྐྲུན་གྱིས་གཙོ་བོ་དམག་འཐབ་ལ་གྲ་སྒྲིག་དགོས་པ་དང་། འབྲེལ་འཐུད་སྟངས་འཛིན། ས་མཚམས་སྲུང་སྐྱོབ་དང་བརྟན་ལྷིངས་སོགས་ལ་དམིགས་པ་ཡིན་ལུགས་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག་ལ། ཕྱི་ཟླ་ ༦ ཚེས་ ༡༨ ཉིན་གནས་ཚུལ་ཐོན་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མཚོན་ཆ་དངོས་བེད་སྤྱོད་ཀྱིས་དམག་སྦྱོང་ཆེན་པོ་ཞིག་ཀྱང་བྱས་འདུག
འདི་ཚེས་༡༧་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས། རྒྱ་གར་རྒྱལ་ཡོངས་སུ་བརྙན་འཕྲིན་དྲ་ལམ་བརྒྱུད། ད་ཐེངས་མཐའ་མཚམས་སུ་རྐྱེན་ལམ་དུ་ཤོར་བའི་རྒྱ་གར་གྱི་དམག་མི་དེ་དག་གི་བློས་གཏོང་དོན་མེད་ཆུ་ཟོས་སུ་ནམ་ཡང་འགྲོ་རྒྱུ་མིན་ལ།། རྩ་བའི་ཆ་ནས་རྒྱ་གར་ངོས་ནས་ཞི་བདེ་ཡོང་བར་འབད་རྩོད་བྱེད་ཀྱི་ཡོད། འོན་ཀྱང་། རྒྱ་ནག་ཕྱོགས་ནས་ད་དུང་མུ་མཐུད་དུ་འཁྲུག་རྐྱེན་སློང་བ་ཡིན་ཚེ། ང་ཚོའི་ངོས་ནས་དེར་གཞིགས་པའི་ལན་འདེབས་བྱེད་རྒྱུའི་ནུས་པ་ཡོད་ཅེས་གསུངས་འདུག རྒྱ་གར་གྱི་དམག་མི་ཉི་ཤུ་ཙམ་རྒྱ་ནག་གི་དམག་མིས་བསད་པའི་གནས་ཚུལ་དེ་སྲིད་བློན་(Narendra Modi)་ཕྱི་ལོ་༢༠༡༤་ལོར་ཐོག་མར་སྲིད་བློན་དུ་བསྐོ་བཞག་བྱུང་བའི་རྗེས་ནས་ད་བར་ཁོང་ལ་ཕྱི་འབྲེལ་སྲིད་ཇུས་ཐད་གདོང་ལེན་བྱེད་དགོས་པའི་གནད་དོན་ཆེ་ཤོས་དེ་ཆགས་ཡོད་པ་རེད།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎