ཨོའིསི་ཊརེ་ལི་ཡ་བོད་དོན་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལ་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ།

2022.05.14
ཨོའིསི་ཊརེ་ལི་ཡ་བོད་དོན་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལ་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ། ཨོའིསི་ཊརེ་ལི་ཡ(Australia)བོད་དོན་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་Michelle Bachelet ལ་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་གནང་བ།
ཨོའིསི་ཊརེ་ལི་ཡ་བོད་དོན་ལྷན་ཁང་དང་བོད་མིའི་སྒྲིག་འཛུགས།

ཨོའིསི་ཊརེ་ལི་ཡ(Australia) བོད་དོན་ལྷན་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་Michelle Bachelet ལ་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་དང་འབྲེལ། དམིགས་བསལ་བོད་ནང་རྒྱ་ནག་གཞུང་གིས་གཞུང་གཉེར་སློབ་གྲྭ་ཁག་ནང་རྒྱ་བསྒྱུར་གྱི་སློབ་གསོ་སྤེལ་བཞིན་པའི་གནད་དོན་ཐད་ལ་རྟོག་ཞིབ་གནང་དགོས་པའི་དགོས་འདུན་བཏོན་བཞིན་པའི་ལས་འགུལ་ཞིག་ལྷན་ཁང་དེའི་དྲ་ཐོག་ཏུ་ད་ལྟ་སྤེལ་བཞིན་ཡོད་པ་རེད།
གནས་ཚུལ་དེའི་སྐོར་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་Australia བོད་དོན་ལྷན་ཁང་གི་འགན་འཛིན་Dr.Zoe ལགས་ལ་བཅར་འདྲི་ཞུས་སྐབས་ཁོང་གིས་གསུངས་
ན། ང་ཚོའི་དགོས་འདུན་དེ་ནི་བོད་ནང་རྒྱ་གཞུང་གིས་བཙུགས་པའི་གཏན་སྡོད་སློབ་གྲྭ་སྐོར་ལ་ཡོངས་གྲགས་ཀྱིས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་དགོས་པ་ཞུ་བཞིན་ཡོད་ལ། ཞིབ་འཇུག་དེར་རྒྱ་ནག་གཞུང་དང་དཔོན་རིགས་སུ་འདྲ་ཞིག་གིས་དངུལ་སྤྲོད་ནས་ཐེ་བྱུས་ཆོག་གི་མེད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་དཔེར་ན་སློབ་གྲྭ་དེ་དག་གི་ནང་སློབ་ཕྲུག་ག་ཚོད་ཡོད་མེད་དང་། གནས་སྟངས་གང་འདྲ་ཡིན་མིན། དེའང་དཔེར་ན་རྒྱ་སྐད་ལས་གཞན་སྐད་ཡིག་སློབ་ཆོག་གི་ཡོད་མེད། ཕ་མ་དང་། རིག་གཞུང་། སོ་སོའི་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་བཅུག་གི་ཡོད་མེད་སོགས་ཀྱི་གནད་དོན་བཅས་ལ་ཞིབ་ཕྲ་རྒྱུས་ལོན་གནང་རྒྱུའི་ཐབས་ཤེས་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།
Australia བོད་དོན་ལྷན་ཁང་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བའི་ནང་གསལ་བ་ལྟར་ན། རྒྱ་ནག་གཞུང་གི་སྲིད་བྱུས་སྤེལ་བཞིན་པ་དེ་དག་གིས་བོད་ཀྱི་ཕྲུ་གུ་བཞི་ཆ་གསུམ་ཙམ་ཁྱོན་ཡོངས་ཀྱི་མི་སེར་སྤེལ་ཡུལ་གྱི་ལམ་ལུགས་འོག་བཙུགས་པའི་གཏན་སྡོད་སློབ་གྲྭ་ཁག་གི་ནང་བཙན་དབང་གིས་བཅུག་ནས་ལོ་ན་༦་ནས་༡༨་བར་ཀྱི་ཁྱོན་ཕྲུ་གུ་འབུམ་བརྒྱད་ནས་འབུམ་དགུ་ཙམ་ཁོ་ཚོའི་ནང་མི་དང་བོད་པའི་སྤྱི་ཚོགས་ནས་ཁ་བྲལ་གཏོང་བཞིན་ཡོད་པ་བརྗོད་འདུག
བོད་ནང་གི་གཞུང་གཉེར་སློབ་གྲྭ་ཁག་ནི་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་བོད་ཀྱི་རིག་གཞུང་རྩ་མེད་གཏོང་ཐབས་ཀྱིས་རྒྱ་ནག་གི་རྒྱལ་ཞེན་ངོ་བོ་རིང་ལུགས་ནང་མཉམ་བསྲེས་བྱེད་ཐབས་དང་། ལྷག་པར་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་གྱི་རིགས་གང་ཅིའི་ཐད་ལ་ནུས་མེད་བཟོ་ཐབས་ཀྱི་གནད་གལ་ཆགས་ཡོད་པ་རེད་ཅེས་མུ་མཐུད་བཀོད་ཡོད་འདུག

གསར་འགོད་པ། ཆོས་སྐྱིད། འཆི་མེད།

རྩོམ་སྒྲིག་པ། ཪིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎