འཚེ་མེད་ཞི་བདེ་སྐྲུན་ཐབས་དང་བྱམས་བརྩེའི་ནུས་པ།


2014.02.25
༧གོང་ས་མཆོག་གིས་Santa Clarasaསློབ་ཆེན་དུ་བཀའ་སློབ་སྩལ་བཞིན་པ། ༢༠༡༤།༢།༢༤ ༧གོང་ས་མཆོག་གིས་མི་དམངས་ལ་དུས་རབས་༢༡པའི་ནང་འཚེ་མེད་ཞི་བདེ་སྐྲུན་ཐབས་དང་བྱམས་བརྩེའི་ནུས་པའི་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་པ་རེད།
པར། སྐུ་སྒེར་དྲ་ན།

༧གོང་ས་མཆོག་གིས་མི་དམངས་ལ་དུས་རབས་༢༡པའི་ནང་འཚེ་མེད་ཞི་བདེ་སྐྲུན་ཐབས་དང་བྱམས་བརྩེའི་ནུས་པའི་སྐོར་བཀའ་སློབ་སྩལ་རྒྱུ་ཡིན་པ་རེད།
དེ་ཡང་༧གོང་ས་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་༢༥རེས་གཟའ་མིག་དམར་ཉིན་ཨ་རིའི་ནུབ་ཕྱོགས་མངའ་སྡེ་Californiaའི་གྲོང་ཁྱེར་Los Angelesནང་མི་དམངས་ལ་དུས་རབས་༢༡པའི་ནང་འཚེ་མེད་ཞི་བདེ་སྐྲུན་ཐབས་དང་བྱམས་བརྩེའི་ནུས་པའི་སྐོར་ལ་བཀའ་སློབ་སྩལ་རྒྱུ་ཡིན་པ་དང་། Santa Claraས་གནས་ཀྱི་གསར་འགྱུར་དྲ་རྒྱ་ཞིག་ཐོག་ལ། ༧གོང་ས་མཆོག་གི་ཕྱི་ཚེས་༢༤ ཉིན་Santa Claraཁུལ་གྱི་མཛད་འཆར་སྙིང་བསྡུས་ཤིག་བཀོད་པའི་ནང། ཉིན་དེར་༧གོང་ས་མཆོག་གིས་Santa Clara མཐོ་རིམ་སློབ་གྲྭའི་ནང་ཚོང་ལས་དང་ཀུན་སྤྱོད། བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བའི་ནང། འགྲོ་བ་མིའི་འཚོ་བའི་ནང་ཕྱི་དངོས་པའི་ཡར་རྒྱས་ཁོ་ནར་མགོ་མ་འཁོར་བར་འགྲོ་བ་མི་སྤྱི་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུར་དོ་སྣང་དང་སེམས་འཁུར་ཆེ་ཙམ་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་དང། དེ་རྗེས་གོང་གསལ་གྱི་བརྗོད་གཞི་གཅིག་པའི་ཐོག་ས་གནས་ཀྱི་འགྲོ་བ་མིའི་བདེ་དོན་ལ་རོགས་རམ་གནང་མཁན་ཚོགས་པ་ཁག་གི་དབུ་ཁྲིད་ལྷན་དུ། བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད། ད་རེས་༧གོང་ས་མཆོག་གིས་བྱམས་བརྩེ་དང་ཞི་བདེའི་དགོངས་གཞིའི་ཐོག་ནས་འཛམ་གླིང་ནང་གི་ཚོང་ལས་འགྲན་རྩོད་ཆེན་པོ་ཡོད་པའི་ཨ་རིའི་ས་གནས་དེའི་ནང་དུ་བཀའ་སློབ་སྩལ་བ་མ་ཟད། ༧གོང་ས་མཆོག་གི་བཀའ་སློབ་ཞུ་བར་བཅར་མཁན་ཚོང་ལས་པ་སོགས་དཔལ་འབྱོར་ལས་རིགས་དང་འབྲེལ་བ་ཡོད་པའི་མི་སྣ་དང། སློབ་ཕྲུག ནང་པའི་དགེ་འདུན་པ་གཙོས་པའི་མི་དམངས་སྟོང་ཕྲག་འདུ་འཛོམས་བྱུང་བ་ཚོས་༧གོང་ས་མཆོག་གི་བཀའ་མོལ་ཚིག་འབྲུ་རེ་རེར་བཞིན་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། ༧གོང་ས་མཆོག་གི་བཀའ་མོལ་དེ་ནི་ལོ་ན་རྒན་དར་གཞོན་གསུམ་ཚང་མར་བློ་གྲོས་ཀྱི་ཤེས་བྱ་དང་ཕན་ཐོགས་ཆེན་པོ་ཞིག་བྱུང་ཡོད་པའི་སྐོར་འཁོད་འདུག ༧གོང་ས་མཆོག་གིས་ཚེས་༢༢ནས་ཨ་རིའི་ནུབ་ཕྱོགས་མངའ་སྡེ་Californiaའི་གྲོང་ཁྱེར་ཆེ་ཁག་San Francisco དང། Berkeley, Santa Claraནང་མཛད་འཆར་བསྐྱང་བཞིན་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎