རྒྱལ་སྤྱིའི་ཡུལ་གྲུ་གར་སར་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་རྒྱ་ཆེ་སྤེལ་རྒྱུ།


2014.09.26
རྒྱལ་སྤྱིའི་གསོལ་མགྲོན་ཁེ་གཉེར་ལས་ཁང་མདུན་ངོ་རྒོལ་བྱེད་བཞིན་པ། རྒྱལ་སྤྱིའི་གསོལ་མགྲོན་ཁེ་གཉེར་ལས་ཁང་མདུན་ངོ་རྒོལ་བྱེད་བཞིན་པ།
SFT

རྒྱལ་སྤྱིའི་གསོལ་མགྲོན་ཁེ་གཉེར་ལས་ཁང་གི་ལྷ་སའི་མགྲོན་ཁང་ནས་ཕྱིའི་འགྲུལ་བ་སྣེ་ལེན་དབུ་འཛུགས་བྱེད་བཞིན་པར་ངོ་རྒོལ་བྱེད་རྒྱུ་ཡིན་འདུག
དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པས་ཚེས་༢༦ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་གསལ་ལྟར་ན། Intercontinental Hotels groupཞེས་པའི་རྒྱལ་སྤྱིའི་གསོལ་མགྲོན་ཁང་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གསར་འཛུགས་བྱས་པའི་ཡན་ལག་མགྲོན་ཁང་དེ་ཉེ་སྔོན་ཕྱི་ཟླ་༨པའི་ཚེས་༣ཉིན་ཁ་ཁུ་སིམ་བུའི་ངང་སྒོ་འབྱེད་བྱས་ཏེ་རྒྱ་ནག་ནང་ཁུལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་རྣམས་ལ་སྣེ་ལེན་ཞུ་སྒོ་ཚུགས་ཤིང་། ཕྱི་ཟླ་༩པའི་ཚེས་༣༠ཉིན་ནུབ་ཕྱོགས་པའི་འགྲུལ་བ་རྣམས་ལ་སྣེ་ལེན་གྱི་མགྲོན་ཁང་སྒོ་འབྱེད་བྱ་གཏན་འཁེལ་ཡོད་པ་རེད། གསར་འགོད་གསལ་བསྒྲགས་ནང་གསལ་གཞིགས་ན། བོད་རང་དབང་ལས་འགུལ་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཚོགས་པ་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་སོགས་ཡོངས་སུ་རྗོགས་པར་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འོག་Intercontinental རྒྱལ་སྤྱིའི་གསོལ་མགྲོན་ཁང་ནས་བོད་ཀྱི་རྒྱལ་ས་ལྷ་སར་མགྲོན་ཁང་གི་ལས་གཞི་ཕྱིར་འཐེན་ཡོང་སླད་ཞུ་སྐུལ་ལན་མང་བྱས་ཀྱང་གསོལ་མགྲོན་ཁེ་ལས་ནས་བོད་མིའི་འགྲོ་བ་མིའི་ཐོབ་གི་གནས་སྟངས་ལ་སྡིག་པ་མིག་བཙུམས་བྱས་ཏེ་ཚོང་འབྲེལ་དང་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་དམིགས་ཏེ་ལྷ་སའི་ནང་གི་མགྲོན་ཁང་དེ་ཚེས་༣༠ཉིན་དངོས་སུ་སྒོ་འབྱེད་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཚེས་༢༩ཉིན་ཨ་རི་དང་། ཇར་མ་ནི། རྒྱ་གར། Brazilསོགས་རྒྱལ་སྤྱིའི་ཡུལ་གྲུ་གང་སར་Intercontinentalམགྲོན་ཁང་དུ་ཉིན་རྒྱ་དུས་གཅིག་ཏུ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་རྒྱ་ཆེ་སྤེལ་རྒྱུ་མ་ཟད། མི་གྲངས་༡༠༠༠༠ལྷག་གི་མཚན་རྟགས་བཀོད་པའི་ཡིག་ཆ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་དུ་རྟེན་གཞི་བྱས་པའི་མགྲོན་ཁང་དེའི་ལས་ཁུངས་ཨ་མར་འབུལ་རྒྱུ་ཡིན་ལུགས་གསུངས་འདུག

འབྲེལ་ཡོད་གནས་ཚུལ་གཤམ་ལ་གསན་རོགས།



གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎