བལ་ཡུལ་ནས་བོད་དོན་ལ་རྒྱབ་སྐྱོར།
2009.06.30

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
![]() |
གསར་འགྱུར་ལ་གསན་རོགས་གནོངས། |
༄༅༎ཕྱི་ཟླ་དྲུག་པའི་ཚེས་ཉེར་དགུ་རེས་གཟའ་མིག་དམར་གྱི་ཉིན་བལ་ཡུལ་ནང་གི་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩོད་ལེན་གནང་མཁན་སཾབཱད་ནེ་པཱལ་ཞེས་པའི་ཚོགས་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་ནས་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པའི་ལྷན་མཇལ་མོལ་གྲུབ་རྗེས་གསར་འགོད་གསལ་བསྒྲགས་གནང་སྐབས་ཚོགས་པ་དེས་བལ་ཡུལ་ནང་གི་བོད་མིའི་དཀའ་ངལ་སེལ་ཐབས་ཆེད་རེ་སྐུལ་ཞུ་རྒྱུ་ཡིན་པའི་སྐོར་གསལ་བཤད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎