བཀའ་བློན་ནས་གཏམ་བཤད།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ནས་ཕྱི་ཚེས་༡༣ཉིན་ཨ་རིའི་ནིའུ་ཡོརྐ་གྲོང་ཁྱེར་དུ་ཡོད་པའི་བོད་མི་རྣམས་ལ་གསུང་བཤད་གནང་སྐབས། བོད་རིགས་གཞོན་སྐྱེས་ཚོར་སོ་སོའི་ཆོས་དང་རིག་གཞུང། སྐད་ཡིག་བཅས་ལ་སློབ་སྦྱོང་དང་བདག་གཅེས་བྱེད་དགོས་པའི་སྐུལ་མ་ཤུགས་ཆེ་གནང་ཡོད་པས་མ་ཚད། བོད་ནང་གི་བོད་མིའི་སྙིང་སྟོབས་ནས་སློབ་གསོ་ལེན་དགོས་སྐོར་གསུངས་སོང་། དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།