༸གོང་ས་མཆོག་ནས་ཧ་ལྦའི་མཛད་འཕྲིན་ལེཌ་གྲུབ།
2012.04.17

༸གོང་ས་མཆོག་གི་དྲ་གནས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎རེས་གཟའ་ཟླ་བའི་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་ཧ་ལྦའི་མངའ་སྡེའི་ནང་མཛད་འཕྲིན་བསྐྱངས་བའི་སྐབས། བོད་ནང་དུ་བོད་མི་༣༠ ལྷག་གིས་རང་ལུས་མེ་བསྲེག་བཏང་དགོས་པའི་ངོ་ཐོག་གི་རྒྱུ་རྐྱེན་ཇི་ཡིན་རྒྱ་ནག་གཞུང་གིས་ངེས་པར་དུ་འཚོལ་ཞིབ་བྱ་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་དང༌། དེ་བཞིན་ཀེ་ནི་ཅི ཞེས་པའི་ས་གནས་ཀྱི་སློབ་གྲྭར་འཚམས་གཟིགས་གནང་སྟེ། སློབ་ཕྲུག་རྣམས་ལ་བཟོད་སྒོམ་གྱི་གལ་གནད་དང་། ཧ་ལྦའི་མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམ་གཤིས་བཅས་པར་བསྔགས་བརྗོད་གནང་ཡོད་པའི་སྐོར། གཡུ་སྒྲོན་ལགས་དང་དོན་གྲུབ་རྣམ་རྒྱལ་ལགས་རྣམ་གཉིས་ནས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎