རྒྱ་ནག་ཏུ་རྒྱལ་སྤྱིའི་གསར་འགོད་པའི་ཚོཊ་པ་ཞིག་ཕེབས་ཡོད་པ།
2008.04.15
༄༅༎རྒྱལ་སྤྱིའི་གསར་འགོད་པའི་ཚོཊ་པ་ཞིག་གིིས་ད་ནས་བཟུང་ཨོ་ལིམ་པིཀ་ཚུགས་རྒྱུའི་དུས་ཚོད་བར་གསར་འགོད་པ་ཚོར་གཞུང་ཕྱོཊ་ཀྱི
བོད་ནང་ཨོ་ལིམ་པིཀ་དང་འབྲེལ་བའི་་གནས་ཚུལ་མང་པོ་ཞིག་བཀོད་སྤེལ་བྱུང་བ་དེས། གསར་འགོད་པ་ཚོའི་བདེ་འཇགས་ལ་ཉེན་ཁ་འབྱུང་བའི་གནས་ཚུལ་ཞིག་ཆཊ་ཡོད་རེད།
ཨེ་ཌེན་ཝ་ཡིཊ་
ས་ཐེ་བྱུས་མེད་པའི་ཐོག་ནས་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུའི་ཆོག་མཆན་དགོས་ལུཊ་ཀྱི་ཞུ་ཡིག་ཅིག་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་ལ་ཕུལ་ཡོད་འདུག
ཚོཊ་པ་དེས་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་སྐོར་དང་། དེ་བཞིན་ཨོ་ལིམ་པིཀ་ཡི་དཔར་འབར་བསྐོར་བསྐྱོད་སྐབས་ཟིང་བྱུང་བ་སོཊ་ཀྱི་གནས་ཚུལ་བཀོད་སྤེལ་བྱས་པའི་རྐྱེན་གྱིས་གསར་འགོད་པ་ཚོར་ཉེན་བརྡ་བཏང་བའི་གནས་ཚུལ་མང་དག་ཅེག་བྱུང་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། གཟའ་ཟླ་བ་ནས་འགོ་བཙུཊ་ཏེ་རྒྱལ་སྤྱིའི་གསར་འགོད་མཐུན་ཚོཊ་ཀྱི་འཐུས་མི་ཁག་ཅིག་ཉིན་གྲངས་བཞིའི་རིང་རྒྱ་ནག་ཏུ་ཆེད་ཕེབས་གནང་ཡོད་པ་དང་། ཁོང་ཚོས་དངོས་སུ་རྒྱ་ནག་གཞུང་གི་དཔོན་རིཊ་དང་དམིཊ་བསལ་གསར་འགོད་ལས་གཞིའི་འབྲེལ་ཡོད་ཀྱི་དཔོན་རིཊ་རྣམས་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་ཡིན་འདུག་ལ་དེ་བཞིན་རྒྱ་ནག་ཏུ་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་དང་ཡང་མཇལ་འཕྲད་གནང་རྒྱུ་ཡིན་འདུག མི་སྣ་བཅུ་ལས་གྲུབ་པའི་གསར་འགོད་པའི་མཐུན་ཚོཊ་ཀྱི་སྐུ་ཚབ་ཚོཊ་ཆུང་དེའི་སྤྱིའི་ཁྱབ་དྲུང་ཆེ་ ཨེ་ཌེན་ ཝ་ཡིཊ་ གྱིས་འདས་པའི་གཟའ་འཁོར་འགའ་ཤས་རིང་བོད་ནང་ཨོ་ལིམ་པིཀ་དང་འབྲེལ་བའི་་གནས་ཚུལ་མང་དག་ཅིག་བཀོད་སྤེལ་བྱུང་བ་དེས། གསར་འགོད་པ་ཚོའི་བདེ་འཇགས་ལ་ཉེན་ཁ་འབྱུང་བའི་གནས་ཚུལ་ཞིག་ཆཊ་ཡོད་སྟབས། ང་ཚོའི་དམིཊ་ཡུལ་ནི་གསར་འགོད་པ་ཚོའི་ཐོག་ཉེན་ཁ་མི་ཡོང་བ་དང་། གཞུང་ཕྱོགས་ཀྱི་ཐེ་བྱུས་མེད་པའི་ཐོག་ནས་གསར་འགོད་པ་ཚོས་སོ་སོའི་ལས་དོན་སྤེལ་ཐུབ་པ་ཡོང་རྒྱུ་བཅས་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད༎