གསར་འགྱུར་ཡིག་ཚགས།
2024-09-26
རྒྱ་གར་རྒྱལ་ཡོངས་རི་འཛེགས་དང་རྩེད་མོའི་བསྟི་གནས་ཁང་གི་རི་འཛེགས་པ་ཁག་ཅིག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་ཁུལ་དུ་གངས་རི་མཐོན་པོ་ཞིག་ཡོད་པ་དེའི་སྟེང་འཛེགས་ཐུབ་ཡོད་པ་དང་མཉམ་རི་བོ་དེར་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མཚན་བཏགས་གནང་འདུག
2024-09-19
རྒྱ་ནག་གཞུང་གིས་མི་འབོར་མར་ཆག་པ་སོགས་ལ་གདོང་ལེན་བྱ་ཆེད་རྒན་ཡོལ་གྱི་ལོ་ནའི་ཚད་གཞི་སྤར་རྒྱུའི་གཏན་འབེབས་བྱས་པའི་ཐད་རྒྱ་ནག་གི་མང་ཚོགས་ཁྲོད་གླེང་སློང་ཤུགས་ཆེ་བྱེད་བཞིན་འདུག
2024-09-19
རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་མཚམས་ཉེ་ཁུལ་དུ་འཁེལ་བའི་བོད་ཀྱི་ཀོང་པོ་ཉིང་ཁྲི་ས་ཁུལ་དུ་ཐད་འཕུར་གནམ་གྲུའི་འབབ་ཚུགས་གསར་རྒྱག་བྱས་པ་དེས་རྒྱ་གར་ལ་བློ་ཚབས་སྐྱེས་གཞིར་གྱུར་འདུག
2024-09-19
རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༢༥ལོ་ནས་བཟུང་ལས་བྱེད་པ་རྒས་ཡོལ་གྱི་ལོ་ཚད་རིམ་བཞིན་སྤར་རྒྱུའི་གསལ་བསྒྲགས་བྱས་པར་རྒྱ་ནག་མི་དམངས་ནང་གླེང་སློང་ཤུགས་ཆེ་བྱེད་བཞིན་པ།
2024-09-17
ཨ་མི་རི་ཀའི་མངའ་སྡེ་མ་ནི་སོ་ཀྲའི་གྲོང་ཁྱེར་Minneapolis བོད་ཀྱི་སྒྱུ་རྩལ་འགྲེམས་སྟོང་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་མཆོད་ཁང་ཞིག་གཏན་འཇགས་འགྲེམས་སྟོན་གནང་ཡོད་པའི་སྐོར།
2024-09-14
རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ལྷན་ཚོགས་ཀྱིས་ཁྲིམས་ཐོག་བསྐྱར་བཅོས་གཏང་ནས་རྒྱ་ནག་གི་གཞི་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་དམག་སྦྱོང་ངེས་པར་དུ་བྱེད་དགོས་པ་བཟོ་རྒྱུ་ཡིན་པ་རེད་འདུག
2024-09-13
རྒྱ་ནག་གི་མི་འབོར་མར་ཆག་པ་དང་ལོ་ན་བགྲེས་པོ་མང་དུ་འགྲོ་བའི་ཉེན་ཁར་གདོང་ལེན་ཆེད་རྒྱ་ནག་གིས་རྒན་ཡོལ་གྱི་ལོ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་པ་བརྗོད་འདུག
2024-09-13
རང་དབང་ཁང་པའི་སྙན་ཐོའི་ནང་ཕྱི་ལོ་༢༠༢༤ལོའི་ཟླ་བ་དྲུག་པ་བར་རྒྱ་ནག་གི་སྤྱི་ཚོགས་ནང་མི་མཐུན་པ་འམ་བརྒལ་ཟླའི་དོན་རྐྱེན་མཐོན་ཡས་རྒྱ་ཆ་བཅོ་བརྒྱད་ཙམ་མང་དུ་ཕྱིན་ཡོད་པའི་སྐོར་བཀོད་ཡོད་པ།
2024-09-09
འཇར་མན་ནང་གི་བོད་དོན་ལས་འགུལ་གྱི་འགན་འཛིན་གཞོན་པ་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་༡༣་རིང་བཀག་ཉར་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
2024-09-07
ཉི་ཧོང་གི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་རྒྱ་ནག་གི་རྩེད་འགྲན་རུ་ཁག་ལ་སྤོ་ལོ་བདུན་དང་གླད་སྐོར་གྱིས་ཕམ་ཉེས་བཏང་བ་དེར་རྒྱ་ནག་གི་རྐང་རྩེད་སྤོ་ལོར་དགའ་ཞེན་བྱེད་མཁན་ཚོར་ངོ་ཚ་ཁ་སྐྱེང་དང་ཡིད་ཐང་ཆད་པ་བཟོས་ཡོད་པ་རེད་འདུག
2024-09-06
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་(Maharashtra)་མངའ་སྡེའི་གྲོང་ཁྱེར་པུ་ན་རུ་ཡོད་པའི་སིམ་བྷོ་སིསེ་རྒྱལ་སྤྱིའི་གཙུག་ལག་སློབ་ཆེན་དུ་བོད་དང་བོད་ཀྱི་ཆབ་སྲིད་ཀྱི་གལ་གནད་སྐོར་གཏམ་བཤད་གནང་འདུག
2024-09-06
རྒྱ་ནག་པེ་ཅིན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལིའི་ལིན་གྱིས་རྒྱ་ནག་ནང་སྨན་བཅོས་ལམ་ལུགས་དེ་བཞིན་ཁྱོན་ཡོངས་ནས་སྨན་རིན་སྤྲོད་མི་དགོས་པར་འགྱུར་བཅོས་བྱ་དགོས་པའི་འབོད་སྐུལ།
2024-09-05
རྒྱ་ནག་ནང་པའི་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཞི་འཇམ་སྟོབས་ཤུགས་ཀྱི་ཐབས་ཇུས་རྒྱ་སྐྱེད་དང་། རྒྱལ་སྤྱིའི་ལྟ་ཚུལ་ལ་ཤུགས་རྐྱེན་སྤྲོད་པ།
2024-09-04
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་རྒྱ་གར་ལྷོ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་གི་རྒྱལ་ཡོངས་བདེ་འཇགས་རིག་གནས་ཁང་བར་བོད་དོན་དང་འབྲེལ་བའི་མཉམ་ལས་ཞིབ་འཇུག་བྱ་རྒྱུའི་གན་རྒྱ་བཞག་འདུག
2024-09-03
རྒྱ་གར་རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་ཚོགས་བཞིན་པ་དེ་བརྒྱུད་རྒྱ་གར་མི་མང་ཁྲོད་བོད་ཀྱི་གནས་ཚུལ་གོ་རྟོགས་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་བྱུང་།