རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་ཕེབས་པ།
2025.01.29

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ Vikram Misri ལགས་ཉེ་དུས་རྒྱ་ནག་ནང་ཕེབས་སྐབས་ལོ་ལྔའི་རྗེས་སུ་ཡུལ་གྲུ་ཕན་ཚུན་གཉིས་དབར་འགྲུལ་བསྐྱེལ་གནམ་གྲུ་འཕུར་བསྐྱོད་བྱེད་འགོ་འཇུགས་རྒྱུ་སོགས་གྲོས་མཐུན་བྱུང་བའི་སྐོར་དང་འབྲེལ་ནས་རྒྱ་གཞུང་གིས་རྒྱ་གར་དང་འབྲེལ་ལམ་ཇེ་བཟང་དུ་གཏོང་འདོད་ཡོད་པའི་རྒྱུ་མཚན་ཇི་ཡིན་དང་དེ་ཡིས་བོད་དང་བོད་མིའི་ཐོག་ཤུགས་རྐྱེན་ཇི་ཐེབས། དེ་བཞིན་རྒྱ་དཀར་ནག་གཉིས་དབར་འབྲེལ་ལམ་བཟང་པོ་ཡོང་བར་འགོག་རྐྱེན་བཟོ་མཁན་གཙོ་བོ་ཇི་ཡིན་སོགས་ཀྱི་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་འབྲེལ་ཡོད་མི་སྣར་ཁག་ལ་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།