ཧོང་ཀོང་གི་ད་ལྟ་དང་བོད་ཀྱི་མ་འོངས་པའི་གནས་སྟངས།


2016.04.15
ཧོང་ཀོང་ནང་ས་གནས་འཐུས་མིའི་འོས་བསྡུའི་སྐབས། ༢༠༡༥།༡༡།༢༢ ཧོང་ཀོང་ནང་ས་གནས་འཐུས་མིའི་འོས་བསྡུའི་སྐབས། ༢༠༡༥།༡༡།༢༢
Photo: RFA

༄༅། །སྤྱིར་ན་ཧོང་ཀོང་གི་ཛ་དྲག་ཆེ་བའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། ལྷག་དོན་ཧོང་ཀོང་དེ་རྒྱ་གཞུང་ལ་རྩིས་སྤྲད་ནས་ལོ ༡༩ ཡི་རྗེས་སུ། ཅིའི་ཕྱིར་དུ་རིམ་བཞིན་ཐལ་དྲགས་པའི་དམངས་གཙོ་ནས། ས་ཁུལ་རིང་ལུགས། ཧོང་ཀོང་རང་བཙན་བཅས་སུ་འཕེལ་བ་རེད་དམ། ཧོང་ཀོང་མི་དམངས་ཀྱི་བསམ་བློ་དེ་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་བདེ་སྐྱིད་མ་ཚོར་གོང་ཡང་ཅིའི་ཕྱིར་ཁ་བྲལ་ལ་ཕྱོགས་པ་རེད། ང་ཚོར་མཚོན་ན་དེ་ལས་བསླབ་བྱ་ལེན་རྒྱུ་ཅི་ཞིག་ཡོད།
རྒྱ་ནག་དབུས་ནས་ས་གནས་བར་ཆགས་པའི་བོད་དོན་དང་སྦྲེལ་བའི་ཁེ་ཕན་ཤོག་ཁག་གིས་བོད་དོན་ལ་ཐེབས་པའི་ཤུགས་རྐྱེན། དེ་བཞིན་དུ་ཉེ་ལམ་ཀྲུའུ་ཝེ་ཆོན་སྐྱོན་ལ་ཐོགས་པའི་གནས་ཚུལ་ཞིག་ཁྱབ་ཡོད་པ་དེ་གཟུགས་མེད་གྲིབ་བཟོ་ཞིག་རེད་དམ་ཡང་ན་རྦ་རླབས་འཕྱུར་དོན་རླུང་ཡོད་པས་ཡིན་པ་ལ་སོགས་པའི་ཐད་ཉམས་ཞིབ་པ་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།
སྐུ་མགྲོན།
སྐུ་སྒེར་རྒྱ་སྐད་སྡེ་ཚན་གྱི་འགན་འཛིན་ཟུར་པ་འཇམ་དབྱངས་དར་རྒྱས་ལགས་དང་།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ལྷན་ཁང་རྒྱ་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཟུར་པ་སངས་རྒྱས་སྐྱབས་ལགས།
དྷ་སར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་བཅས་ཡིན།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎