རྒྱ་ནག་གཞུང་གིས་མྱུལ་ཞིབ་འཕྲུལ་ཆས་ཐོག་འགྲོ་གྲོན་ཕོན་ཆེ་གཏོང་བཞིན་པ།
2022.07.28
རྒྱ་ནག་གཞུང་གིས་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར་གྱི་འཕྲུལ་ཆས་ཐོག་དཔལ་འབྱོར་འགྲོ་གྲོན་ཕོན་ཆེ་གཏོང་བཞིན་པ་ནི།འཁྲུལ་ཆས་ཡར་རྒྱས་བཏང་སྟེ་ རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སེར་ལ་དྲག་གནོན་བྱ་རྒྱུའི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་ཨ་རའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་ CSIS ཞེས་རྒྱལ་སྤྱིའི་ཐབས་བྱུས་འབྲེལ་ལམ་བསྟི་གནས་ཁང་གི་གོ་སྒྲིག་གནང་བའི་དྲ་ཐོག་བགྲོ་གླེང་ནང་ཉམས་ཞིབ་པ་ཚོས་གསུངས་པའི་སྐོར་བཅས་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།