རྒྱ་གཞུང་དང་འབྲེལ་ཡོད་ཚོགས་པ་ཁག་གིས་དྲ་རྒྱ་བརྒྱུད་ཐེ་ཝན་ལས་ཁུངས་ཁག་༡༠ནང་སིམ་འཛུལ་བྱས་པའི་གནས་ཚུལ།
2020.08.20
ཐེ་ཝན་གཞུང་གི་ལས་ཁུངས་ཁག་༡༠་དང་གློག་འཕྲིན་༦༠༠༠་ལྷག་ནང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་ཚོགས་པ་ཁག་གིས་དྲ་རྒྱ་བརྒྱུད་ནས་སིམ་འཛུལ་གྱིས་གསང་གནས་རྐུ་འཁྱེར་བྱས་པའི་གསལ་བསྒྲགས་གནང་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་སྲི་མཐར་བློ་བཟང་རྒྱ་མཚོ་ལགས་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།