རྒྱ་ནག་གི་བཅའ་དངོས་རྒྱ་གར་ནང་ཚོང་འགྲེམས་བྱེད་རྒྱུར་ངོ་རྒོལ།
2017.08.29

འཆི་མེད་གཡུང་དྲུང་།
གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་། རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་༼དེ་སྔ་ཨོ་རི་ས་ཞེས་འབོད་བཞིན་ཡོད་༽མངའ་སྡེའི་ནང་གནས་སྡོད་གནང་མཁན་བོད་མི་སྐྱབས་བཅོལ་བ་དང་ས་གནས་ཡུལ་མི་ཚོས་རྒྱ་ནག་གི་བཅའ་དངོས་རྒྱ་གར་ནང་ཚོང་འགྲེམས་བྱེད་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཨོ་ཌི་ཤ་མངའ་སྡེའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་འཆི་མེད་གཡུང་དྲུང་ལགས་སུ་འདི་གའི་ལས་བྱེད་ལྷུན་གྲུབ་ཚེ་རིང་ལགས་ཀྱིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།