ཨ་རུ་ན་ཅལ་གྱི་ས་མཚམས་བོད་དང་ཡིན་པ་ལས་རྒྱ་ནག་དང་མ་རེད་ཅེས་གསུངས་བ།
2020.11.19

རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་(Arunachal)མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་མངའ་སྡེ་དེ་དང་བོད་གཉིས་ཐད་ཀར་ས་འབྲེལ་ཡོད་པ་ལས་རྒྱ་ནག་དང་ས་འབྲེལ་མེད་པའི་རྒྱལ་རབས་ལོ་རྒྱུས་དེ་སུ་ཞིག་གིས་ཀྱང་ནག་སུབ་གཏོང་ཐུབ་ཀྱི་མ་རེད་ཅེས་གསུངས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།