ས་མཚམས་དང་༧གོང་ས་མཆོག་ལ་ཁ་གཡོག


2013.10.24
རྒྱ་གཞུང་གིས་བོད་ནང་ཡར་རྒྱས་གཏོང་གི་ཡོད་སྐོར་དྲིལ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད།
གཞུང་འབྲེལ་དྲ་གནས།

རྒྱ་ནག་གིས་རྒྱ་ནག་དང་རྒྱ་གར་རྒྱལ་ཁབ་གཉིས་དབར་གྱི་ས་མཚམས་ཀྱི་དཀའ་རྙོག་བཟོ་མཁན་གཙོ་བོ་༧གོང་ས་མཆོག་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ལུགས་སྐྱོན་བརྗོད་བྱས་འདུག

དེ་ཡང་རྒྱ་གར་གྱི་སྲིད་བློན་མཆོག་རྒྱ་ནག་ནང་ཉིན་གསུམ་རིང་གཟིགས་སྐོར་ཕེབས་པ་དང་བསྟུན་རྒྱ་ནག་གིས་པར་བསྐྲུན་བྱས་པའི་རྒྱབ་ཤ་དཀར་པོ་ཞེས་པའི་སྙན་ཐོའི་ནང་། ཕྱི་ལོ་༡༩༥༩ལོར་གྱེན་ལངས་ལམ་ལྷོང་མ་བྱུང་བའི་རྗེས་༧གོང་ས་མཆོག་དང་ཕྱོགས་གཏོགས་པ་ཚོས་རྒྱ་ནག་གི་ས་མཚམས་སུ་བརྡབ་གསིག་སླང་ཡོད་ལུགས་བཤད་ཡོད་པ་དང་། དེའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས།  སྲིད་བློན་མན་མོ་ཧན་སིངྒ་གི་གཟིགས་སྐོར་སྐབས་༧གོང་ས་མཆོག་རྒྱ་གར་བཞུགས་བཞིན་པའི་གནད་དོན་གླེང་སློང་དང་སྦྲགས་རྒྱ་གར་ནང་རྒྱ་ནག་ལ་གནོད་པའི་ལས་འགུལ་རིགས་བཀག་སྡོམ་གྱི་དགོས་འདུན་བཏོན་རྒྱུ་ཡིན་པ་དབྱེ་ཞིབ་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎