རྒྱ་ནག་གི་ཚོགས་ཆེན་ཐོག་ཕྱོགས་གང་ཐད་ནས་ཕྱིར་བལྟས།


2017.11.03
ཞི་ཅིན་ཕིང་ལ་དབང་ཆ་ཆེན་པོ་ཐོབ་པ་དེས་བོད་དོན་སེལ་རྒྱུར་དགེ་མཚན་ཡོད་མེད། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས།
ཨེ་པི།

༄༅།    །དེ་རིང་གི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་ནང་།  ཉེ་ཆར་རྒྱ་ནག་དམར་ཕྱོགས་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས ༡༩ འཚོགས་ནས་མ་འོངས་པའི་ལོ་ལྔའི་རིང་རྒྱ་ནག་དབང་འཛིན་པ་སྲིད་འཛིན་ཞི་ཅིན་ཕིང་གཙོས་པའི་དབུས་དམར་ཕྱོགས་ཚོགས་པའི་འཐུས་མི་ལྷན་ཁང་གི་རྒྱུན་ལས་མི་སྣ་བདུན་གཏན་འཁེལ་ཡོད་པ་རེད།  ཞི་ཅིན་ཕིང་གི་དབང་ཤུགས་ཆེ་རུ་སོང་ཡོད་པར་སྲིད་དོན་དབྱེ་ཞིབ་ཚོས་ངོས་འཛིན་གྱི་ཡོད་པ་རེད། ཞི་ཅིན་ཕིང་དབང་ཆེ་རུ་སོང་བ་དེས་རྒྱ་ནག་ནང་དགེ་སྐྱོན་གྱི་འགྱུར་བ་ག་རེ་འགྲོ་སྲིད་དམ།   རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་བཏང་ནས་འཛམ་གླིང་གི་སྣེ་ཁྲིད་བྱེད་འདོད་ཡོད་པའི་ཞི་ཅིན་ཕིང་གི་རེ་བ་དེ་འགྲུབ་ཐུབ་བམ  དེ་བཞིན་རྒྱ་ནག་གི་དབང་འཛིན་པ་མི་སྣ་བདུན་གྱི་ཁོངས་ནས་མི་གསར་བ་ལྔ་བོ་སུ་དང་སུ་ཡིན་ནམ།   རྒྱ་ནག་འགོ་ཁྲིད་འདི་དག་ལ་བོད་དོན་སེལ་རྒྱུའི་གདེང་སྤོབས་ཡོད་དམ།    དེ་རིང་གི་གངས་ལྗོངས་གླེང་སྟེགས་ཀྱི་ལེ་ཚན་ནང་།  གནད་དོན་འདི་དག་གི་ཐད་གླེང་མོལ་ཞུ་རྒྱུ་ཡིན།
སྐུ་མགྲོན།  བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་། འདི་ག་རླུང་འཕྲིན་ཁང་གསར་འགོད་པ་སྟག་ལྷ་རྒྱལ།   རྣམ་པ་གཉིས་ཕེབས་ཡོད།
གསར་འགོད་པ་དཔལ་ལྡན་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎