༢༠༢༤ རྫོགས་ལ་ཉེ་བའི་དུས་མཚམས་འདིར་གནས་ཚུལ་གལ་གནད་ཆེ་བ་ཁག་ལ་བསྐྱར་ལྟ་ཞུ་བ།

2024.12.30
༢༠༢༤ རྫོགས་ལ་ཉེ་བའི་དུས་མཚམས་འདིར་གནས་ཚུལ་གལ་གནད་ཆེ་བ་ཁག་ལ་བསྐྱར་ལྟ་ཞུ་བ།
Photo: RFA

ཕྱི་ལོ་ ༢༠༢༤ རྫོགས་ལ་ཉེ་བའི་དུས་མཚམས་འདིར། བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ལོ་འདིའི་ནང་གནས་ཚུལ་ཕྱོགས་བསྡུས་ཞུས་པ་གལ་གནད་ཆེ་བ་ཁག་ལ་བསྐྱར་ལྟ་ཞུ་བཞིན་ཡོད་ལ།  ཐེངས་འདིའི་དམིགས་བསལ་བསྐྱར་ལྟའི་ཁོངས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་  གྱི་རྗེས་སུ་ཨ་རིར་ཆིབས་སྒྱུར་བསྐྱངས་ཏེ་༧སྐུའི་ཞབས་པུས་གཤགས་བཅོས་ལེགས་གྲུབ་ཀྱིས་སྐུ་ཁམས་དྭངས་སྐྱེད་ཧ་ཅང་ཡག་པོ་བྱུང་བཞིན་ཡོད་པ་ནི་ཀུན་གྱིས་དོ་འཁུར་ཞུ་ཡུལ་ཞིག་ཆགས་ཡོད་པ་འདིའི་སྐོར་དང་། ཨ་རིའི་བོད་དོན་རྩོད་རྙོག་སེལ་བའི་ཁྲིམས་ཡིག་གཏན་འབེབས་གནང་པ་སོགས་བོད་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་ནང་གི་གལ་ཆེའི་བོད་དོན་གནས་ཚུལ་ཁག་ལ་བསྐྱར་ཞིབ་དཔྱད་གླེང་ཞུ་ཕྱིར།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛན་གཞོན་པ་བཀྲིས་དབང་ཕྱུག་ལགས་དང་།  རྩོམ་སྒྲིག་འགན་འཛིན་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།།

གསར་འགོད་པ།   བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ།       དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན།  ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎