འགན་འཁུར་སྣེ་ཁྲིད་ཀྱི་ཆེས་མཐོའི་ཟབ་སྦྱོང་མཇུག་བསྒྲིལ་བ།
2015.12.27

༄༅༎བོད་ཀྱི་བུད་མེད་ཚོགས་པས་གོ་སྒྲིག་གནང་བའི་བདུན་གཅིག་གི་འགན་འཁུར་སྣེ་ཁྲིད་ཀྱི་ཆེས་མཐོའི་ཟབ་སྦྱོང་དེ་དེ་རིང་རེས་གཟའ་ཉི་མའི་ཉིན་མཇུག་བསྒྲིལ་གནང་བཞག དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དབུས་བུད་མེད་ལྷན་ཚོགས་ཀྱིས་གཞོན་སྐྱེས་ཁག་ཅིག་ལ་ཟླ་བ་འདིའི་ཚེས་༢༠ནས་འགོ་འཛུགས་གནང་སྟེ་ དེ་རིང་ཕྱི་ཚེས་༢༧བར་བདུན་གཅིག་གི་རིང་འགན་འཁུར་སྣེ་ཁྲིད་ཀྱི་ཆེས་མཐོའི་ཟབ་སྦྱོང་གནང་ཡོད་པ་དང་།ཐེངས་འདིའི་ཟབ་སྦྱོང་ནང་སྤྱི་ཚོགས་ནང་ཕྱག་ལས་གནང་བཞིན་པའི་ལོ་གསུམ་བཞིའི་ཉམས་མྱོང་ཡོད་པའི་བུད་མེད་ཁག་ཅིག་དང་མཐོ་སློབ་འགྲིམ་བཞིན་པའི་བུད་མེད་ལོ་ན་༢༥ནས་༤༠བར་ཤ་སྟག་ཡིན་འདུག
ཟབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི་ སྤྱིར་བཏང་བུད་མེད་ལ་སློབ་སྦྱོང་དང་ཉམས་མྱོང་ཡོད་པ་དེ་ དེ་ཙམ་ཀྱི་སྤྱི་ཚོགས་ནང་བེད་སྤྱོད་གཏོང་རྒྱུའི་གོ་སྐབས་མ་རག་པའམ་ བཏང་གི་མེད་སྟབས་མ་འོངས་པར་སྤྱི་ཚོགས་ནང་ཕྱག་ལས་གང་འདྲ་ཞིག་གནང་ཀྱང་དེའི་ཐོག་འགན་ཤུགས་ཆེ་ཙམ་ཞིག་འཁྱེར་ཐུབ་པའི་ནུས་པ་ཞིག་སྤེལ་ཐུབ་ཐབས་སུ་ཟབ་སྦྱོང་གནང་བ་ཡིན་ཞེས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུགགསར་འགོད་པ་ཚེ་དབང་དངོས་གྲུབ།