ཁེ་ཎ་ཌའི་ ཨོ་ཊ་ཝ་ ནས་ ཊོ་རོན་ཊོ་ བར་གྱི་ཞི་བའི་གོམ་བགྲོད་མཇུག་སྒྲིལ།
2024.05.30

ཁེ་ཎ་ཌ་ནས་ཡིན་པའི་བོད་དོན་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་བདེ་ཐང་ངང་འདི་ཚེས་༢༩ ཉིན་རྒྱབ་ཊོ་རོན་ཊོ་St. George རུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་དོན་གཅོད་ལས་ཁུངས་མདུན་འབྱོར་ནས་བོད་མི་ཁག་ཅིག་དང་ཚོགས་པ་ཁག་ཅིག་གིས་སྣེ་ལེན་གནང་བ་དང་སྦྲགས་སྐད་འབོད་གནང་འདུག འདིའི་སྐོར་ཨོ་རྒྱན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་དང་། རྩོམ་སྒྲིག་འགན་འཛིན་དོན་གྲུབ་རྣམ་རྒྱལ་ལགས་ནས་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་སུ་བཅར་འདྲི་ཕྱོགས་སྒྲིག་ཞུས་པའི་དམིགས་བསལ་ལེ་ཚན་བཅས་གསན་རོགས་གནང་།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ། ཨོ་རྒྱན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།