སུད་སིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྔམ་སྟོན་ལས་འགུལ་སྤེལ་བ།
2018.12.11

༄༅༎ཕྱི་ཟླ་༡༢ཚེས་༡༠རེས་གཟའ་ཟླ་བའི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན་ནས་སུད་སི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་སུད་སིའི་གྲོང་ཁྱེར་ཇི་ནེ་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་རྔམ་སྟོན་ལས་འགུལ་སྤེལ་བའི་སྐོར་འདི་གའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎
གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས།