ཐེ་ཝན་ནང་བོད་དོན་ངོ་སྤྲོད་རྒྱ་ཆེ་སྤེལ་བཞིན་པ།
2019.02.19
༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་། ཐེ་ཝན་གྱི་རྒྱལ་ས་ཐེ་པད་ལ་ལོ་ལྟར་གཉེར་བཞིན་ཡོད་པའི་ཐེ་པད་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་གངས་ལྗོངས་དཔེ་སྐྲུན་ཁང་གི་བོད་དང་འབྲེལ་ཡོད་ཀྱི་རྒྱ་ཡིག་དེབ་རིགས་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་མ་ཟད། ད་དུང་ཐེ་ཝན་ནང་བོད་ཀྱི་རང་དབང་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པས། འབྲེལ་ཡོད་དང་ལྷན་དུ་སྒྲོལ་དཀར་ལགས་ཀྱིས་བཀའ་མོལ་ཞུས་པ་ཞིག་གསན་རོགས་ཞུ།།
གསར་འགོད་པ་སྒྲོལ་དཀར།