ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཟུར་ལྕམ་ནེན་སི་པེ་ལོ་སི་མཆོག་ལ་བདེན་པའི་འོད་སྣང་གི་བྱ་དགའ་ཕུལ་བའི་མཛད་སྒོར་ཞུགས་པ།

2024.12.16
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཟུར་ལྕམ་ནེན་སི་པེ་ལོ་སི་མཆོག་ལ་བདེན་པའི་འོད་སྣང་གི་བྱ་དགའ་ཕུལ་བའི་མཛད་སྒོར་ཞུགས་པ།
Photo: RFA

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་སར་ཆེད་ཕེབས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས་དབུས་གཞུང་གི་མཐོ་རིམ་མི་སྣ་དང་།  གྲོས་ཚོགས་ཚོགས་ཟུར་ལྕམ་ནེན་སི་ པེ་ལོ་སི་མཆོག་གིས་དབུས་གྲོས་ཚོགས་འཐུས་མི་གནད་ཡོད་མང་པོར་མཇལ་ཕྲད་གནང་ཡོད་པ་མ་ཟད།  ཨ་རིའི་གྲོས་ཚོགས་ཀྱི་ཚོིགས་ཟུར་ལྕམ་ནེན་སི་པེ་ལོ་སི་མཆོག་ལ་བདེན་པའི་འོད་སྣང་གི་བྱ་དགའ་ཕུལ་བའི་མཛད་སྒོར་ཞུགས་པ་སོགས་བྱུང་ཡོད་པ་རེད། མ་ཟད་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་བདམས་ཐོན་སྲིད་འཛིན་ཌོ་ནལཌི་ ཊམཔ་གྱི་གཞུང་འཛིན་གསར་པའི་ངོས་ནས་བོད་དོན་ཐོག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་པའི་ཐུགས་རེ་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད། བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་དང་།  རྩོམ་སྒྲིག་འགན་འཛིན་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་བརྗོད་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད
རྩོམ་སྒྲིག་པ།  རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎