མོན་གྷོ་འདོད་རྒུ་གླིང་དུ་ཆར་ཆུ་དག་བསྐྱེལ་ལས་འཆར།
2020.12.16
༄༅།།ཐེངས་འདིའི་ཁ་བའི་གྲོས་རའི་ལེ་ཚན་ནང་། རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་བོད་མིའི་གཞིས་ཆགས་ཆེ་ཤོས་མོན་གྷོ་འདོད་རྒུ་གླིང་ལེགས་བཅོས་ལས་འཆར་དེ་བཞིན་འགོ་འཛུགས་གནང་ནས་ལོ་ ༨ ཙམ་ཕྱིན་པའི་རྗེས་ཀྱི་ད་ལྟའི་གནས་སྟངས་དང་། ལྷག་པར་དུ་ཉེ་ལམ་ཆར་ཆུ་དག་བསྐྱེལ་ལས་འཆར་རམ་ཆར་ཆུ་གསོག་པའི་ལས་འཆར་དེ་བཞིན་ལམ་ལྷོང་དང་ལྡན་པ་བྱུང་ནས་རྒྱ་གར་ས་གནས་ཡུལ་མི་ལ་ཕན་འདོགས་བྱུང་བ་མ་ཟད་དེའི་སྐོར་རྒྱ་གར་བ་ཞིག་གིས་དངོས་བྱུང་གློག་བརྙན་ཞིག་བཟོས་ནས་རྒྱལ་སྤྱིའི་ལྡིང་ཆ་ཐོག་བསྟན་རྒྱུའི་འཆར་གཞི་ཡོད་སྐོར་སོགས་འདོད་རྒུ་གླིང་ལེགས་བཅོས་ལས་འཆར་གྱི་སྤྱི་ཁྱབ་འགན་འགན་འཛིན་བསྟན་འཛིན་ཡིད་དགའ་ལགས་དང་མཉམ་འབྲེལ་ཚོགས་གཙོ་བསྟན་འཛིན་དགའ་དབང་ལགས་ཆུའི་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་དག་པོ་ལགས་རྣམ་པ་གསུམ་དང་། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པར་ཉན་རོགས་ཞུ།།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།