ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་གནང་འདུག
2018.03.09
གསུམ་བཅུའི་དུས་དྲན་གྱི་སྔ་ནུབ་སྟེ་ཕྱི་ཟླ་༣ཚེས་༩ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལྡི་ལིའི་མཐོ་སློབ་ཁག་གི་བོད་རིགས་སློབ་མ་གཙོ་བོར་འགྱུར་བའི་བོད་མི་ཁག་ཅིག་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།