ཞི་བའི་གོམ་བགྲོད་པ་རྣམས་ནས་རྒྱ་ནག་གཞུང་ཚབ་ལ་ཞུ་སྙན་ཕུལ་བ།
2020.10.13

༄༅།ཐེངས་འདིའི་རང་དབང་གླེང་སྟེག་གི་ལེ་ཚན་ནང་རྒྱ་གར་བྱང་ཕྱོགས་མ་ན་ལི་ནས་རྒྱལ་ས་ལྡི་ལི་བར་བོད་ཀྱི་བསྟན་པ་ཆབ་སྲིད་དང་བོད་མི་རིགས་བཅས་པའི་དོན་དུ་ཞི་བའི་གོམ་བགྲོད་གནང་མཁན་ཆུང་དག་ལགས་དང་ཚེ་རིང་དོན་གྲུབ་ལགས།ཚེ་རིང་དབང་འདུས་ལགས་དང་བསྟན་འཛིན་ཉི་མ་ལགས་བཅས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་གཉིས་ལ་དགོས་འདུན་དོན་ཚན་གསུམ་ཅན་གྱི་ཞུ་སྙན་ཕུལ་ནས་ལས་འགུལ་དེ་བཞིན་མཇུག་སྒྲིལ་གནང་བའི་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་ལ་གསན་རོགས་གནང་།།
གསར་འགོད་པ་སེངྒེ་རི་བསོད་ནམས་ལྷ་མོ།