༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་དང་ས་ལུ་སྒར་གསུང་ཆོས་བསྩལ་སྐབས་འབྲུག་ནས་དད་ལྡན་པ་༥༠༠ ལྷག་བཅར་ཡོད་པ།
2023.12.18

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༡ ནས་ ༡༥ བར་ཁྱོན་ཉིན་གྲངས་ལྔའི་རིང་འབྲས་ལྗོངས་དང་ས་ལུ་སྒར་གཉིས་ཀྱི་ནང་ཆོས་འབྲེལ་བཀའ་དྲིན་བསྩལ་སྐབས་འབྲུག་ཡུལ་ནས་ཁྱོན་དད་ལྡན་པ་ལྔ་བརྒྱ་ལྷག་བཅར་ཡོད་པའི་སྐོར། འདི་གའི་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག