༢༠༢༣ལོར་བོད་དོན་ཞུ་གཏུག་ཐེངས་༡༥པ།

2023.03.29
༢༠༢༣ལོར་བོད་དོན་ཞུ་གཏུག་ཐེངས་༡༥པ།
པ་སངས་དོན་ལྡན།

སྤྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་ཡར་ལངས་བྱུང་བ་ནས་བཟུང་། ཨ་རིའི་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་ལས་འགུལ་ཞིག་སྤེལ་འགོ་འཛུགས་ཡོད་པ་རེད། ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་ནང་གཏན་གཞི་བྱེད་པའི།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ཀྱིས་ཐུན་མོང་གི་གོ་བསྒྲིགས་འོག་འདི་ལོ་༢༠༢༣ལོར་བོད་དོན་ཞུ་གཏུག་ཐེངས་༡༥པའི་ཐོག་གཙོ་བོ་ཨ་རིའི་གྲོས་ཚོགས་ནང་བོད་རྒྱ་དཀའ་རྙོག་སེལ་ཐབས་ཀྱི་གྲོས་འཆམ་ཞིག་བཏོན་ཡོད་པ་དེར། གྲོས་ཚོགས་འཐུས་མི་ཁག་གི་རྒྱབ་སྐྱོར་རག་ཐབས་ཀྱིས་ཁྲིམས་གཞི་གཏན་འབེབས་ཡོང་བ་གཙོ་བོ་འབོད་བསྐུལ་དེ་ཞུས་ཡོད་འདུག ད་ཐེངས་ཞུ་གཏུག་ཀྱི་ལས་འགུལ་ནང་།ཨ་རིའི་ས་ཁུལ་ཉི་ཤུ་རྩ་གྲང་ནས་བོད་མིའི་སྐུ་ཚབ་དང་བོད་དོན་རྒྱབ་སྐྱོར་བ་༡༦༠ལྷག་གིསཉིན་གཉིས་ཀྱི་ལས་འགུལ་དེའི་རིང་ཨ་རིའི་གློག་བརྙན་ཁྲབ་བསྟོན་པ་དང་།བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་རི་ཆརཌགྷེར་ལགས་མཉམ་ཞུགས་ཀྱིས་ཞུ་གཏུག་ལས་འགུལ་བ་ཚོརབོད་དོན་ཐོག་སེམས་འགུལ་ཐེབས་པའི་དཀའ་མོལ་ཡང་བྱུང་འདུག དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ཞུ་གཏུག་ལས་འགུལ་ནང་དངོས་སུ་ཞུགས་མཁན་ཨ་རིའི་གྲོང་ཁྱེར་བོ་སི་ཏྲོན་ནས་བཀྲ་ཤིས་དོན་གྲུབ་ལགས་དང་ཆབ་སྲིད་བཙོན་ཟུར་ངག་དབང་གསལ་སྒྲོལ་ལགས། དེ་བཞིན་གཞན་ཁག་ཅིག་ལ་ཞུ་གཏུག་ལས་འགུལ་གྱི་མྱོང་ཚོར་དང་འབྲེལ་བའི་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཅའ་འདྲི་བྱས་པ་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎