བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྲོས་ཚོགས་འཐུས་མི་༢༢གསར་དུ་བྱུང་ཡོད་པ།

2021.12.23
བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྲོས་ཚོགས་འཐུས་མི་༢༢གསར་དུ་བྱུང་ཡོད་པ། བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྲོས་ཚོགས་འཐུས་མི་༢༢གསར་དུ་བྱུང་སོང་ཞེས་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་གསུངས་བ།
བློ་བཟང་།

ཕྱི་ཟླ་༡༢ པའི་ཚེས་༢༣ ཉིན་སྤྱི་འཐུས་ལྔ་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ངོས་ནས། ཉིན་གྲངས་བཅུའི་རིང་ལྡི་ལིར་རྒྱ་གར་གྱི་དགུན་དུས་གྲོས་ཚོགས་ཚོགས་པའི་སྐབས་དང་བསྟུན་ཏེ། རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་༣༨ ལྷག་ཙམ་དང་དེ་བཞིན་གཞུང་ཚབ་ཁག་གིས་གཙོས་གནད་ཡོད་དཔོན་རིགས་ཁག་ལ་མཇལ་འཕྲད་ཀྱིས་བོད་དོན་ཐད་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་དང་། བོད་ནང་གི་དཀའ་སྡུག་གི་གནས་སྟངས་སྐོར་ལ་ཞུ་སྐུལ་ལས་འགུལ་སྤེལ་ཡོད་པ་དང་། ཐེངས་འདིའི་ཞུ་སྐུལ་ལས་འགུལ་ཁྲོད་སྔར་གྱི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་གོང་འོག་གི་འཐུས་མི་༣༧ ཙམ་ཡོད་ཁོངས་ནས་༡༩ ཙམ་ཞིག་ལ་འབྲེལ་བ་བསྐྱར་གསོ་དང་། ད་ལན་འཐུས་མི་༢༢ ཙམ་ཞིག་ལ་གསར་དུ་འབྲེལ་བ་གནང་ཐུབ་པ་བྱུང་ཡོད་པའི་ཐད། སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནས་འགྲེལ་བརྗོད་གནང་བའི་སྐོར། འདི་གའི་གསར་འགོད་པ་བློ་བཟང་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎