༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༣༣འཁོར་བ།
2022.12.10

Office of Tibet
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ ༡༩༨༩ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་འདི་ལོ་བགྲང་བྱ་ ༣༣ འཁོར་བའི་དུས་ཆེན་འཁེལ་བར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་གཟེངས་རྟགས་འབུལ་བཞེས་སྐབས་ཀྱི་གནས་ཚུལ་ཁག་སྐབས་དེར་༧ཆིབས་བསྒྱུར་ཞབས་ཞུའི་གོ་སྒྲིག་གནང་མཁན་གྱི་ཁོངས་སུ་ཡོད་པ་སུད་སི་སྐུ་ཚབ་དོན་གཅོད་ཟུར་པ་དང་སྤྱི་ཟུར་ཆུང་བདག་ཀོ་རན་ལགས་སུ་ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་ཞུས་པའི་ལས་རིམ་ཞིག་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག