པེ་རི་སི་རུ་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་རྔམ་སྟོན་ཁྲོམ་སྐོར་གནང་བ།
2015.03.14

༄༅། །དེ་རིང་ཕྱི་ཚེས་༡༤ཉིན་ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་སྟེ། ཡོ་རོབ་ཡུལ་གྲུ་ཁག་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཕ་རན་སིའི་རྒྱལ་ས་པེ་རི་སིར་འཛོམས་ནས། ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས་གཤམ་ལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
ཕྱི་ཚེས་༡༣ཉིན་ཡོ་རོབ་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ནས་ལས་འགུལ་དང་འབྲེལ་བའི་ངོ་སྤྲོད་གནང་བ།
ཕྱི་ཚེས་༡༤ཉིན་རྔམ་སྟོན་ཁྲོམ་སྐོར་དང་འབྲེལ་བའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་ས་གནས་ནས་ཐད་དཀར་ངོ་སྤྲོད་གནང་བ།
གསར་འགོད་པ་ཚེ་དབང་ནོར་བུ།