ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་གོ་རྟོགས་སྤེལ་ཐབས་བྱེད་བཞིན་པ།
2019.02.23
༄༅༎བོད་ཀྱི་ཁོར་ཡུག་ཟེར་བའི་ལེ་ཚན་ནང་། རྒྱ་གར་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ཟེར་བའི་གཞུང་འབྲེལ་མིན་པའི་ཁེ་མེད་སྤྱི་ཚོགས་ཞབས་ཞུའི་ཚོགས་པའི་སྐོར་དང་། ཚོགས་པ་དེའི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་ཙམ་མ་ཡིན་པར། བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་ཉམ་ཞིབ་ཀྱིས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་བ་ཟེར་བའི་ནང་བོད་ཡིག་དང་དབྱིན་ཡིག་ཐོག་རྩོམ་བྲིས་སྤེལ་བ་སོགས་ཀྱི་ཐོག་ནས་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་ཤེས་ཡོན་གོ་རྟོགས་སྤེལ་ཐབས་བྱེད་བཞིན་པའི་སྐོར་ཚེ་དབང་ནོར་བུས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་ཚེ་དབང་ནོར་བུ།