སྔོ་འགྲོ་ནས་འཛིན་རིམ་བཞི་པའི་བར་གྱི་བོད་ཡིག་སློབ་དེབ་གཏན་འབེབས།
2023.12.22
ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཕྲུག་ཚོར་ལ་དམིགས་ནས་ཉེ་ཆར་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོ་ནས་གཞི་རིམ་འོག་མའི་འཛིན་རིམ་བཞི་པ་བར་གྱི་བོད་ཡིག་སློབ་དེབ་གཏན་འབེབས་གནང་ཡོད་པ་རེད། གནད་དོན་དེ་དང་འབྲེལ་བའི་ཐད་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་གི་བོད་རིག་འབྲེལ་འཐུད་པ་ཀུན་དགའ་བཀྲ་ཤིས་ལགས་སུ་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་ཡིག་གཟའ་འཇུག་སློབ་གྲྭའི་ནང་དུ་སློབ་ཁྲིད་ཇི་ལྟར་ལག་བསྟར་ཐུབ་མིན་དང་བཅས་ཀྱི་སྐོར་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།