དབྱིན་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་མདུན་རྔམ་སྟོན་གྱི་ལས་འགུལ།
བོད་མི་དབྱིག་གཉེན་ལགས་ཀྱིས་ཕྱི་ཟླ་ ༡ ཚེས་ ༤ ཉིན་དབྱིན་ཡུལ་རྒྱལ་ས་ལཎ་ཌཎ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་བོད་དོན་རྔམ་སྟོན་གྱི་ལས་འགུལ་སྤེལ་བ་ནི། ཁོང་གིས་འདི་ལོའི་ལྷག་དཀར་གྱི་ལས་འགུལ་ཐོག་མར་འདི་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། ཁོང་གིས་ལས་འགུལ་འདི་ཐོག་མར་དབྱིན་ཇིའི་ཨ་མ་ལགས་གཅིག་གིས་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་སྐབས་གཏམ་བཤད་གནང་སྟེ་ཁོང་གིས་རེས་གཟའ་ལྷག་པ་ནམ་ཡིན་ལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ལས་འགུལ་གནང་གི་ཡོད་ཀྱང་། བོད་མི་གཅིག་ཀྱང་མཉམ་ཞུགས་བྱེད་ཀྱི་མེད་པ་འགྲེལ་བརྗོད་གནང་རྗེས་ཁོང་ལ་སྐུལ་མ་བྱུང་པ་ཞིག་ཡིན་འདུག་པས། དུས་དེ་ནས་བཟུང་དབྱིག་གཉེན་ལགས་ཀྱིས་ད་བར་ལོ་ངོ་ ༡༤ རིང་ལས་འགུལ་འདིའི་ནང་མུ་མཐུད་མཉམ་ཞུགས་གནང་ཡོད་པ་རེད། གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དབྱིག་གཉེན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།