སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐོར་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པ།
2020.12.15
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐོར་ལ་དོ་སྣང་ཆེ་རུ་ཕྱིན་ཏེ་འོས་བསྡུའི་དེབ་སྐྱེལ་དང་། འོས་མི་རྣམས་ཀྱི་ཡོན་ཏན་དང་ཁྱད་ཆོས་སྐོར་ལ་བསམ་ཚུལ་དང་གོ་བསྡུར་ཚ་ཚ་འུར་འུར་གྱིས་བྱེད་བཞིན་པའི་སྐབས་འདིར་༢༠༢༡ ལོའི་སྲིད་སྤྱིའི་འོས་མི་རྣམས་ལ་དྲང་བདེན་དང་འཇོན་ཐང་ཇི་ཞིག་དགོས་པའི་ཐད་མི་མང་ཁག་ཅིག་གི་བསམ་ཚུལ་རྣམས་ཕྱོགས་སྒྲིག་ཞུས་པ་ཞིག་གསར་འགོད་པ་བློ་བཟང་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས་གནང་།