དེང་རབས་ཀྱི་འཇིག་རྟེན་དང་མིའི་བདེ་སྡུག
2014.08.27

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།
༄༅། །ཐེངས་འདིའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཞེས་པའི་ལེ་ཚན་ནང་། ༸མགོན་པོ་གང་ཉིད་ནས་ཉེ་སྔོན་ལ་དྭགས་དུས་འཁོར་དབང་ཆེན་སྐབས། ལ་དྭགས་ཆེས་མཐོའི་རིག་གཞུང་ལྟེ་གནས་ཁང་ནས་གསོལ་འདེབས་ཞུས་པ་ལྟར། དེང་རབས་ཀྱི་འཇིགས་རྟེན་དང་། མིའི་བདེ་སྡུག་གི་སྐོར་བཀའ་སློབ་གནང་བ་ཞིག་དང་། ཡང་ཕྱི་ཟླ་བཞི་པའི་ནང་ཉི་ཧོང་དུ་བསྩལ་བའི་བཀའ་སློབ་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡིན། ལས་རིམ་གཙོ་སྐྱོང་བ་ཧོར་གཙང་འཇིགས་མེད་ལགས་ཡིན།།