གསར་འགྱུར་ཡིག་ཚགས།
2022-09-28
ཡོ་རོབ་ཨཡེར་ལེནཌའི་རྒྱལ་ས་ཌབ་ལིན་གྲོང་ཁྱེར་ནང་ཆགས་པའི་(Trinity College)་ཞེས་པའི་མཐོ་རིམ་སློབ་གྲྭས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་མཚན་གནས་ཀྱི་ཕྱག་འཁྱེར་འབུལ་རྒྱུའི་སྐོར་སླར་ཡང་གྲོས་བསྡུར་བྱུང་འདུག
2022-09-27
༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་དང་འབྲེལ་བའི་ཐག་གཅོད་ཀྱི་དབང་ཆ་ཚང་མ་༧གོང་ས་མཆོག་ཁོ་ན་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་བདག་དབང་གང་ཡང་མེད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གསལ་སྟོན་གནང་འདུག
2022-09-23
ཞི་བདེ་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ང་ཚོ་ཚང་མར་འགན་འཁྲི་ཡོད་པ་༧གོང་ས་མཆོག་གིས་འཛམ་གླིང་གི་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་གཞོན་སྐྱེས་འགོ་ཁྲིད་ཚོར་བཀའ་བསྩལ་སོང་།
2022-09-21
༧གོང་ས་མཆོག་གིས་སྤྱི་ཚོགས་དྲང་བདེན་དང་བཟོད་བསྲན་བཅས་ཀྱི་ཐོག་ལ་རླབས་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེ་བསྟོད་ཆེད་ཨ་རིའི་སློབ་ཆེན་ཞིག་གི་(Spendlove Prize)་ཞེས་པའི་གཟེངས་རྟགས་ཕུལ་འདུག
2022-09-21
༧གོང་ས་མཆོག་གིས་ཨ་མི་རི་ཀའི་ཞི་བདེའི་ལྟེ་གནས་ཁང་གི་འབྲེལ་ཡོད་ཚོར་མཇལ་ཁ་བསྩལ་ནས་གཞོན་སྐྱེས་ཞི་བདེའི་ལས་དོན་པ་ཚོར་གོ་བསྡུར་དང་བགྲོ་གླེང་གནང་རྒྱུའི་ཐུགས་འདུན་ཆེན་པོ་ཡོད་པ་བསྟན་ཡོད་འདུག
2022-09-20
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་གཙོས་པའི་ཆོས་ཞུ་བ་ཚོར་ཉིན་གཉིས་རིང་དབུ་མ་འཇུག་པ་རང་འགྲེལ་གྱི་གསུང་ཆོས་གནང་།
2022-09-17
༸གོང་ས་མཆོག་ནས་སེམས་བཟང་པོ་ཡོད་ན་མི་ཚེ་སྐྱིད་པོ་ཡོང་རྒྱུ་དང་སེམས་སྐྱིད་པ་བྱུང་ན་བརྩེ་བ་རང་བཞིན་གྱི་ཡོད་པ་སོགས་བཀའ་སློབ་གནང་བ།
2022-09-15
༧གོང་ས་མཆོག་ནས་ཝི་ཏི་ནམ་གྱི་མི་སྣ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ། སེམས་བསྐྱེད་ཆོས་འབྲེལ་གནང་ཡོད་པ།
2022-09-12
༧གོང་ས་མཆོག་ནས་བོད་ཀྱི་ཐེབས་རྩའི་འགོ་ལས་སྦྱིན་བདག་ཚོར་མཇལ་ཁ་བསྩལ་གནང་མཛད་ཅིང་། ཆོས་ལུགས་དང་སྤྱི་ཚོགས་སོགས་དང་འབྲེལ་བའི་དྲི་བར་བཀའ་ལན་གནང་ཡོད་འདུག
2022-09-12
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བའི་སྐབས་དེར་ནད་ཡམས་ཞི་བའི་ཐུགས་སྨོན་མཛད་པ་དང་སྒྲོལ་མའི་ཟུངས་སྔགས་གསོག་གྲུབ་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཕེབས་པ།
2022-09-08
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་ཀྱི་བཀའ་སློབ་ཁག་ངོ་སྤྲོད་ཞུས་པ།
2022-09-06
སྤྱི་ནོར་༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་པར་ཚམས་འདྲི་དང་མཉམ་དབྱིན་ཡུལ་གྱིས་མུ་མཐུད་དུ་འཛམ་གླིང་ཞི་བདེ་བརྟན་བརླིང་ཐད་ཞབས་འདེགས་སྒྲུབ་པའི་ཐུགས་རེ་གནང་འདུག
2022-09-06
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་སླར་ཡང་མོན་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་དགོངས་ཡོད་པ་མོན་ཡུལ་གྱི་དད་ལྡན་ཆོས་ཞུ་བ་ཚོར་མཇལ་ཁའི་སྐབས་བཀའ་བསྩལ་ཡོད་འདུག
2022-09-01
མགོན་པོ་དོན་འགྲུབ་ལགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐྱར་བདམས་བྱུང་ཡོད་པ་དང་༧གོང་ས་མཆོག་གིས་གཞོན་ནུའི་ཚོགས་ཆེན་ལ་བཅར་མཁན་ཡོངས་ལ་མཇལ་ཁ་བསྩལ་འདུག