བདེ་སྐྱིད་ཀྱི་རྩ་བ་ནི་དངུལ་དང་སྟོབས་ཤུགས་མིན་པ།
2022.09.15
དེ་རིང་གི་གཏམ་གླེང་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆེད་མངགས་བཞུགས་སྒར་རྡ་རམ་ས་ལར་བཅར་མཁན་ཝི་ཏི་ནམ་གྱི་མི་སྣ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ། སེམས་བསྐྱེད་ཆོས་འབྲེལ་གནང་ཡོད་ལ། ཁོང་རྣམ་པས་༧གོང་ས་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐྱབས་ཀྱང་གནང་ཡོད་པས། ༧གོང་ས་མཆོག་ནས་བདེ་སྐྱིད་ཀྱི་རྩ་བ་ནི་དངུལ་དང་སྟོབས་ཤུགས་མིན་པར་སེམས་བཟང་པོ་བྱ་རྒྱུ་ཡིན་པ་སོགས་བཀའ་སློབ་གནང་ཡོད་པའི་ཞིག་ཕྲའི་གནས་ཚུལ་ཁག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།