༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་ཀྱི་བཀའ་སློབ།
2022.09.08
དེ་རིང་གི་གཏམ་གླེང་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་གཙུག་ལག་ཁང་དུ་ཚོགས་པ་དང་སྐྱིད་སྡུག་ཁག་ཅིག་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། ༧རྒྱལ་བ་རིན་པོ་ཆེ་མཆོག་ནས་མ་འོངས་ལོ་ངོ་ཉི་ཤུ་ལྷག་རིང་མུ་མཐུད་བོད་ཀྱི་སངས་རྒྱས་བསྟན་པ་ལ་སོགས་པའི་གཞན་ཕན་བསྒྲུབ་གནང་རྒྱུ་ཡིན་པ་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཁག་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས།།
གསར་འགོད་པ། སྒྲོལ་དཀར།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག