༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཞབས་སོར་འཁོད་པ།
2014.12.20

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་རྒྱལ་ས་ལྡི་ལི་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས། ཟླ་འདིའི་ཕྱི་ཚེས་༢༠ཉིན་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཊ་ཀའི་གྲོང་ཁྱེར་སྦེང་ལོར་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་པདྨ་དངོས་གྲུབ།
༧གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་གྲྭ་ཚང་དུ་བསྩལ་རྒྱུའི་ལམ་རིམ་ཁྲི་ཆེན་༡༨ཀྱི་སྔོན་འགྲོའི་མཛད་རིམ་སོགས་ཀྱི་སྐོར་བློ་བཟང་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པར་གཤམ་ལ་གསན་རོགས།
གསར་འགོད་པ་བློ་བཟང་ཆོས་འཕེལ།