སེར་བྱེས་སློབ་གྲྭའི་འགྲེམས་སྟོན།
2015.12.20
༄༅༎དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སེ་ར་ཆོས་སྒར་ལ་ཞབས་སོར་འཁོར་རིང་སེར་བྱེས་སློབ་གྲྭའི་འགྲེམས་སྟོན་ལ་གཟིགས་ཞིབ་དང་སྤོམ་འབོར་ཁང་ཚན་གྱི་འདུ་ཁང་གསར་པར་རབ་གནས།དེ་བཞིན་སེམས་དང་སྲོག་གི་ཚན་རིག་ལྷན་ཚོགས་ཀྱི་མཇུག་བསྡོམས་བཅས་ཀྱི་ཐོག་བཀའ་སློབ་གནང་བའི་ཞིབ་ཕྲའི་གནས་ཚུལ་སྒྲོལ་དཀར་ལགས་ནས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།