༸གོང་ས་མཆོག་ནས་ཉིན་གྲངས་བཞིའི་རིང་གི་ཆོས་འབྲེལ།
2016.08.30
༄༅། །བོད་ཀྱི་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་༢༩ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླེང་གཙུག་ལག་ཁང་དུ་ ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་གཙོ་བོར་འགྱུར་བའི་པྱི་ནང་གི་དད་ཆོས་ཆོས་ཞུ་བ་༨༠༠༠ལྷག་ཙམ་ལ་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་གནང་ཡོད་པ་རེད། ཕྱི་ཚེས་༣༠་སྟེ་ཆོས་འབྲེལ་གྱི་ཉིན་གཉིས་པའི་ཐོག་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་བཀའ་འདྲིར་བཀའ་ལན་གནང་སྐབས། འཚེ་བ་དང་འཚེ་བ་མེད་པའི་ལས་ཞེས་པ་དེ་གཙོ་བོ་ཀུན་སློང་ལ་རག་ལས་པ་ཞིག་ཡིན་སྐོར་བཀའ་གནང་འདུག དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་བློ་བྷེ་ལགས་དང་སངས་རྒྱས་རྡོ་རྗེ་ལགས་གཉིས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
གསར་འགོད་པ་བློ་བྷེ་དང་སངས་རྒྱས་རྡོ་རྗེ།