ཆོ་འཕྲུལ་དུས་ཆེན་གྱི་ཆོས་འབྲེལ།
༄༅། །དེ་ཡང་སྐུ་སྒེར་ཡིག་ཚང་གི་དྲ་གནས་ནང་གསལ་ལྟར་ན། ཟླ་བ་འདིའི་ཚེས་༢༥སྟེ་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ལག་ཁང་དུ་སྟོན་པའི་སྐྱེས་རབས་ཀྱི་ཆོས་འབྲེལ་བསྐྱང་གནང་རྒྱུ་རེད་འདུག འོན་ཀྱང་ལོ་ལྟར་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་དྲུག་ནས་བཟུང་གསུང་ཆོས་གནང་སྲོལ་ཡོད་པ་དེ་བཞིན་འདི་ལོ་ཁུ་བསྡུ་གནང་འདུག ཡང་མཛད་འཆར་ལྟར་ན། ཕྱི་ཟླ་༣ཚེས་༦ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་ཀྲུམ་ཀར་གཙུག་ལག་སློབ་གཉེར་ཁང་དང་། སེར་བྱེས་གྲྭ་ཚང་གཉིས་ཐུན་མོང་གི་གོ་སྒྲིག་འོག སྟོན་པའི་ཤེས་རབ་ཀྱི་ལམ་སྟོན་ཐོག་ནས་དེང་རབས་ཀྱི་འགྲོ་བ་མིའི་སྡུག་བསྔལ་སེལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་དབུ་འབྱེད་གནང་གི་ཡོད་འདུག དེ་ནས་ཚེས་༩ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་། ཏུ་ཤི་ཏ་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྟོན་པའི་སྤྱི་གླིང་དུ་ནང་ཆོས་ངོ་སྤྲོད་གནང་རྒྱུ། ཡང་ཕྱི་ཟླ་༣ཚེས་༢༥དང་༢༦ཉིན་གཉིས་རིང་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་ཆིབས་བསྒྱུར་གྱིས་ཁུལ་དེར་གསར་བཞེངས་ཞུས་པའི་སྟོན་པའི་སྐུ་བརྙན་ལ་རབ་གནས་དང་། དེ་བཞིན་མང་ཚོགས་ལ་ཚེ་དབང་བསྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།།