སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦེ་ལ་ཀོ་པི་གཞིས་ཆགས་སུ་ཞབས་སོར་བདེ་བར་འཁོད་པ།
2013.12.24

༄༅༎ཕྱི་ཟླ་༡༢ཚེས་༢༤རེས་གཟའ་མིག་དམར་གྱི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་སུ་༸ཞབས་སོར་བདེ་བར་འཁོད་དེ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་བླ་སྤྱི་རུ་ལམ་རིམ་ཁྲི་ཆེན་བརྒྱད་ཀྱི་ཆོས་འབྲེལ་སྩལ་གནང་མཛད་བཞིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎