༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག
2017.03.12
༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུ་རྒྱུའི་ཁྲོད་ནས་༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སྤྱི་ལོ་༡༥༤༣ལོར་བོད་ཀྱི་ལྷ་ས་སྐྱིད་ཤོད་དུ་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་ལ་ཕེབས་སྐབས་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཡོད་པ་དང་། དེ་ནས་རིམ་པས་གསན་བསམ་རྒྱ་ཆེ་གནང་སྟེ་འབྲས་སྤུངས་ཀྱི་ཁྲི་ལ་ཕེབས་པ་དང་ནང་འཁྲུག་བར་འདུམ་མཛད་པ། དམིགས་བསལ་སོག་ཡུལ་དང་དེ་མིན་ས་གནས་མང་པོར་མཛད་པ་རྒྱ་ཆེ་སྐྱངས་གནང་མཛད་དེ་སྤྱི་ལོ་༡༥༨༨ལོར་སོག་ཡུལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་མཛད་པ་རྣམ་ཐར་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།