གོར་ཁ་ལེནྜའི་ངོ་རྒོལ།
2013.08.13
༄༅༎ཕྱི་ཟླ་༨ཚེས་༣ནས་བཟུང་རྒྱ་གར་བྱང་ཤར་ནུབ་སྦེང་ཧལ་མངའ་སྡེའི་ནང་བལ་པོའི་མི་རིགས་ཚོས་གོར་ཁ་ལེནྜ་ཟེར་བའི་མངའ་སྡེ་ཞིག་ལོགས་སུ་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་རྔམ་སྟོན་བསྟུད་མར་སྤེལ་བཞིན་པར་བརྟེན་ཁུལ་དེའི་ཡུལ་མི་གཞན་དང་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་གར་བྱང་ཤར་ཁུལ་གྱི་གསར་འགོད་པ་པ་སངས་ཚེ་རིང་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎